མཛུབ་མོ་ལྔའི་སྟེང་ནས་ནད་བཅོས་ཐབས།

2019-06-25
0

     ཤེས་གསལ་ལྟར་ཉི་ཧོང་གི་རིག་གཞུང་ནང་ལ་དུས་རབས་མང་པོར་ཐབས་བྱུས་གཉིས་པ་ཞིག་བེད་སྤྱད་དེ་ན་ཚ་དང་འཕྲོད་བསྟེན་གྱི་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད། རྩོམ་ཡིག་འདིའི་ནང་ལ་ནུས་པ་ཅན་གྱི་མན་ངག་ཅིག་གིས་སྐར་མ་གཅིག་གི་ནང་ལ་ཁྱོད་ཀྱི་དཀའ་ངལ་ཇི་ལྟར་གཉོམ་སྒྲིག་བྱེད་ཚུལ་བཤད་ཀྱི་ཡོད།

དེ་རིང་ང་ཚོས་རྗིན་ ཤིན་ རྗི་ཚོ་(Jin shin Jitsu) དང་ལྷན་དུ་ཉི་ཧོང་གི་སྲོལ་རྒྱུན་དྲག་སྐྱེད་སྒྱུ་རྩལ་ཐད་ལ་བགྲོ་གླེང་བྱས་ནས། མཛུབ་མོ་མི་འདྲ་བའི་གནས་ངེས་པ་ཅན་གྱིས་མིའི་ཚོར་ཤུགས་དྲག་པོའི་གནས་བབ་མཐུན་སྒྲིག་སྟོབས་བསྐྱེད་སྐོར་བཤད་ཀྱི་ཡོད།

      མན་ངག་དེ་གཞིར་བཟུང་གིས་ལག་པའི་མཛུབ་མོ་རེ་རེ་བཞིན་གཟུགས་པོའི་ནང་གི་དོན་ལྔ་སྣོད་དྲུག་གང་རུང་གཉིས་རེ་ལ་འབྲེལ་ཡོད་པ་དང་། གལ་ཏེ་ཁྱོད་ཀྱིས་རང་གི་མཛུབ་མོ་རེ་རེའི་གསང་གནས་མ་ནོར་བར་མནན་ན་ཁྱོད་ཀྱི་ལུས་པོ་དང་སེམས་ཀྱི་འཕྲོད་བསྟེན་ཡར་རྒྱས་འགྲོ་བར་མ་ཟད། བཅོས་ཐབས་འདི་ལ་སྐར་མ་ལྔ་ལས་མི་དགོས་ཀྱང་ན་ཚ་དང་འཕྲོད་བསྟེན་གྱི་དཀའ་ངལ་སེལ་བར་ཁག་ཐེག་བྱེད་ཅིང་གྲུབ་འབྲས་ངོ་མཚར།

འཇུག་ཚུལ་གྱི་ཐབས་ལམ་འདི་སྟབས་བདེ་ཞིང་ཆ་ཚང་བས། ཁྱེད་ཅག་གི་དོན་ལྔ་སྣོད་དྲུག་གང་ཞིག་ལ་དཀའ་ངལ་ཡོད་ཀྱང་། དེ་དང་འབྲེལ་བ་ཡོད་པའི་མཛུབ་མོ་དེ་ལག་པ་གཞན་གྱིས་བཟུང་སྟེ། སྐར་མ་ལྔའི་རིང་དམ་པོར་འཕུར། སྐར་མ་ལྔའི་རྗེས་སུ་མཛུ་གུ་དེ་ལྷོད་པ་དང་གཏིང་ནས་དབུགས་རིང་དལ་གྱིས་ལོངས། དེ་ནས་མཛུབ་མོ་གཞན་རྣམས་ལ་དལ་འཇམ་གྱིས་འཕུར་མཉེད་རེ་བྱའོ།།

གཤམ་ལ་མཛུབ་མོ་གང་ཞིག་དོན་ལྔ་སྣོད་དྲུག་གང་རུང་ལ་འབྲེལ་བ་ཡོད་པ་བཀླག་པར་བྱའོ།།

མཐེ་བོང་། མཐེ་བོང་ནི་དོན་ལྔ་སྣོད་དྲུག་ལས་མཆེར་བ་དང་ཕོ་བ། ཚོར་ཤུགས་ལས་སེམས་ཁྲལ་དང་སེམས་ངལ་བཅས་ལ་འབྲེལ།

མཆེར་བ་དང་ཕོ་བ་བདེ་ཐང་མིན་པའི་རྟགས། པགས་པའི་དཀའ་ངལ་འདྲ་མིན་ཡོང་བ་དང་སེམས་ཁྲལ་ཆེ་བ། ཚབ་བི་ཚུབ་བེ་ཆེ་བ། ཕོ་བ་དང་མགོ་ན་བ་བཅས་སོ།།

གོང་མཛུབ། གོང་མཛུབ་ནི་དོན་ལྔ་སྣོད་དྲུག་ལས་གཅིན་ལྒང་དང་མཁལ་མ། ཚོར་ཤུགས་ལས་ཐེ་ཚོམ་དང་འཇིགས་སྣང་། བློ་ཕམ་བཅས་ལ་འབྲེལ།

གཅིན་ལྒང་དང་མཁལ་མ་བདེ་ཐང་མིན་པའི་རྟགས། རྒྱབ་ན་བ། ཟས་མི་འཇུ་བའི་དཀའ་ངལ། ཤ་རྒྱུས་ན་བ། སོ་གཟེར་བ་བཅས་སོ།།

དཀྱིལ་མཛུབ། དཀྱིལ་མཛུབ་ནི་དོན་ལྔ་སྣོད་དྲུག་ལས་མཁྲིས་པ་དང་མཆིན་པ། ཚོར་ཤུགས་ལས་ཁོང་ཁྲོ་ལངས་སླ་བ། དོན་བྱ་ཐག་མི་ཆོད་པ། ཁོང་ཁྲོ་བཅས་ལ་འབྲེལ།

མཁྲིས་པ་དང་མཆིན་པ་བདེ་ཐང་མིན་པའི་རྟགས། ཐང་ཆད་པ། མགོ་གཟེར་བ། ཁྲག་འཁོར་སྐྱོད་ཀྱི་དཀའ་ངལ། མདུན་སོ་ན་བ། བུ་མོ་ཡིན་ན་ཟླ་མཚན་གྱི་དཀའ་ངལ་ཡོད་པ་བཅས་སོ།།

སྲིན་མཛུབ། སྲིན་མཛུབ་ནི་དོན་ལྔ་སྣོད་དྲུག་ལས་རྒྱུ་ཆེན་དང་གློ་བ། ཚོར་ཤུགས་ལས་དྭོགས་པ་ཆེ་བ། འཇིགས་སྣང་། སྐྱོ་སེམས་བཅས་ལ་འབྲེལ།

རྒྱུ་ཆེན་དང་གློ་བ་བདེ་ཐང་མིན་པའི་རྟགས། དབུགས་འཚང་བའི་དཀའ་ངལ། ཟས་འཇུ་ནུས་ཀྱི་དཀའ་ངལ། དབུགས་འབྱིན་རྔུབ་ཀྱི་དཀའ་ངལ། པགས་པའི་དཀའ་ངལ་ཡོད་པ་བཅས་སོ།།

མཛུབ་ཆུང་། མཛུབ་ཆུང་ནི་དོན་ལྔ་སྣོད་དྲུག་ལས་རྒྱུ་ཆུང་དང་སྙིང་། ཚོར་ཤུགས་ལས་རང་ཉིད་ལ་ཡིད་མི་ཆེས་པ། ཚབ་བི་ཚུབ་བེ། སེམས་སྡུག་བཅས་ལ་འབྲེལ།

རྒྱུ་ཆུང་དང་སྙིང་བདེ་ཐང་མིན་པའི་རྟགས། རུས་པ་སྐྱོ་རུ་འགྲོ་བ། སྙིང་ཁམས་དང་ཁྲག་རྩའི་ནད་ཀྱི་དཀའ་ངལ། མིད་པ་ན་བ་བཅས་སོ།།

ད་ལྟ་ཁྱེད་ཀྱིས་ངོ་མཚར་བའི་མན་ངག་དེ་ཤེས་ཡོད་པས་ཉམས་སུ་ལེན་འགོ་བཙུགས་ངེས། གང་ལྟར་ཁྱོད་ལ་འདིར་བཤད་པའི་རྟགས་མཚན་གང་ཞིག་ཡོད་ཚེ། སྲོལ་རྒྱུན་གྱི་བཅོས་ཐབས་འདི་ལག་བསྟར་བྱས་ན་གྲུབ་འབྲས་དེ་མ་ཉིད་དུ་ཐོན་ངེས་ཡིན་ནོ།།


  • 顶 0