བོད་ཀྱི་གསོ་བ་རིག་པའི་ཤེས་བྱ་སློབ་གྲྭར་ཁྱབ་གདལ་བཏང་བ།

2019-04-24
0

614915_yis_1555906398603_s.jpg

ཟླ་4ཚེས་18ཉིན་བོད་ཀྱི་གསོ་བ་རིག་པའི་རིག་གནས་སྤེལ་རེས་དང་མྱོང་རོལ་བྱེད་སྒོ་ལྷ་ས་སློབ་འབྲིང་དུ་སྤེལ་བ་རེད། བོད་ཀྱི་གསོ་བ་རིག་པའི་སློབ་ཆེན་གྱི་སློབ་མའི་ལས་དོན་པུའུ་དང་ཧའར་པིན་བཟོ་ལས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པས་བོད་ཀྱི་གསོ་བ་རིག་པའི་སློབ་ཆེན་གྱི་དགེ་སློབ་དང་དེ་བཞིན་ཞོར་གཏོགས་སྨན་ཁང་གི་སྨན་པ་ལྷ་ས་སློབ་འབྲིང་དུ་གདན་ཞུ་བྱས་ཏེ་གཞོན་ནུ་ལོ་ཆུང་ཚོར་སྨན་བཅོས་ཤེས་བྱ་འགྲེལ་བཤད་དང་བོད་ཀྱི་གསོ་བ་རིག་པའི་ཤེས་བྱ་དང་དེ་བཞིན་འོས་འགན་སྨན་བཅོས་བྱེད་སྒོ་ཁྱབ་གདལ་བཏང་སྟེ་བོད་ཀྱི་གསོ་བ་རིག་པའི་ཤེས་བྱ་དར་སྤེལ་བཏང་ཞིང་། འདི་ནི་བོད་ཀྱི་གསོ་བ་རིག་པའི་སློབ་ཆེན་གྱི་སློབ་མས(གཡས)ལྷ་ས་སློབ་འབྲིང་གི་སློབ་མར་སྨན་རྩྭ་ངོས་འཛིན་བྱེད་སྟངས་སློབ་བཞིན་པ།


  • 顶 0