བསམ་པ་ཉམས་རྒུད་ཀྱི་ནད་འགྱུར་གྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་གང་ཡོད་དམ།

2019-04-14
0

བསམ་ཉམས་རྒུད་ཀྱི་ནད་འགྱུར་ཡོད་མཁན་ལ་གལ་ཏེ་སྐབས་འཕྲལ་དང་། འོས་འཚམ་གྱི་སྨན་བཅོས་བྱེད་མ་ཐུབ་པ་ཡིན་ན། ཐད་ཀར་ཁྱིམ་ཚང་གི་འཚོ་བར་ཤུགས་རྐྱེན་ཐེབས་པ་དང་། ཁྱིམ་ཚང་གི་བདེ་སྐྱིད་འཚོ་བར་གཏོར་ཤིག་ཀྱང་ཐེབས་ཀྱི་ཡོད་པ་རེད། དཔེར་ན། བཟོ་གྲྭ་དང་། ལས་ཁུངས། སློབ་གྲྭ་བཅས་ཀྱི་ནང་ནད་གཞི་ལྕི་བའི་ནད་ཡོད་པ་ན། དེས་ཐར་ཀར་ཐོན་སྐྱེད་དང་། ལས་ཀ། སློབ་སྦྱོང་བཅས་ལ་ཤུགས་རྐྱེན་ཐེབས་པ་དང་། ནད་གཞི་འགྱུར་ལྡོག་ཚབས་ཆེན་ཡོད་མཁན་གྱིས་ཧ་ལམ་རང་ཉིད་ལ་རྨས་སྐྱོན་གཏོང་བ་དང་། རང་ཤི་རྒྱག་པ། མི་ལ་རྨས་སྐྱོན་གཏོང་བའམ་ཡང་ན་གཏུམ་སྤྱོད་ཀྱི་བྱ་སྤྱོད་སོགས་སྤེལ་སྲིད་ཀྱི་རེད།

དེར་བརྟེན། བསམ་པ་ཉམས་རྒུད་ཀྱི་ནད་འགྱུར་གྱིས་རྩོད་གཞི་ཡང་ན་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བ་དང་། བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། དེ་ཚོ་ཚང་མ་ནི་སྤྱི་ཚོགས་ལ་གཟུགས་ལྡན་གྱི་གནོད་འཚེ་འཁེལ་གྱི་ཡོད་ཅིང་། འོན་ཀྱང་མང་ཚོགས་དང་སྲིད་འཛིན་དོ་དམ་ཚན་པ་མི་ཉུང་བ་ཞིག་གིས་དོན་དེར་ཚོད་དཔག་འདང་གི་མེད་པ་རེད། དེ་ཕུད་པས་ད་དུང་རྒྱལ་ཁབ་ལ་མི་མངོན་པའི་གནོད་འཚེ་འཁེལ་ཞིང་། དེས་རྒྱལ་ཁབ་ཀྱི་ནོར་སྲིད་འགྲོ་གྲོན་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། དེར་ཨ་མེ་རི་ཁར་དཔེ་བཞག་ན། ལོ་རབས་བརྒྱ་བཅུ་པར། ལོ་གཅིག་ནང་ཀླད་ཆེན་དབང་རྩ་འཁྲུག་པའི་ནད་ཕོག་པར་སྨན་བཅོས་དང་། དོ་དམ། ཚན་རིག་ཞིབ་འཇུག་གི་འགྲོ་གྲོན་ཁོ་ནར་སྒོར་དུང་ཕྱུར་༡༤༠འགྲོ་གི་ཡོད་པ་རེད།


  • 顶 0