རླུང་ནད་ཀྱི་སློང་རྐྱེན།

2019-04-11
0

ཇ་ཟང་གར་པོ་དང་།  ཁུར་མང་གི་ཚོད་མ་སོགས་རོ་ཁ་ཞིང་ནུས་པ་ཡང་ལ་རྩུབ་པའི་ཟས་སྐོམ་དེ་རིགས་བསྟེན་དྲགས་པ་དང་། བསམ་བློ་བཏང་དྲགས་པ་དང་། སེམས་སྡུག་ཆེན་པོ་བྱུང་བ། ཆགས་པ་སྤྱད་དྲགས་པ། ལྟོ་སྟོང་ལ་འགུལ་སྐྱོད་ཆེ་དྲགས་པ་སོགས་ཀྱི་སྤྱོད་ལམ་དེ་རིགས་དང་། མཐོ་ཞིང་གྲངལྷགས་ཆེ་བའི་ས་ཁུལ་དང་། དབྱར་ཀ་དང་། དགོང་མོ། ཐོ་རངས་ཀྱི་དུས་སྐབས་བཅས་ཡུལ་དུས་དེ་རིགས་དང་། འཇིགས་སྐྲག་ཆེ་པོ་བྱུང་བ་དང་། ཁོང་ཁྲོ་ལངས་པ། ཁྲག་མང་པོ་ཤོར་བ་སོགས་གློ་བར་གྱི་རྐྱེན་དེ་རིགས་བཅས་ཀྱི་རླུང་གི་ནད་སློང་གི་ཡོད་པ་མ་ཟད་ལྷག་པར་དུ་རྒད་པོ་རླུང་ཤས་ཆེ་བའི་མིར་རྐྱེན་དེ་རིགས་ཕྲད་ན་རླུང་ནད་དེ་བས་སློང་གི་ཡོད་པ་རེད།།

  • 顶 0