བོད་ལུགས་གསོ་བ་རིག་པའི་ཁ་ཚར་སྐོར་གྱི་ཤེས་བྱ་གསར་བུའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།།

2019-04-11
0

ནང་དོན་གནད་བསྡུས།གཉེན་པོ་ཁ་ཚར་གྱི་ཕྱག་བཞེས་འདི་ནི་བོད་ལུགས་གསོ་བ་རིག་པའི་བླ་ན་མེད་པའི་གསོ་ཐབས་ཀྱི་ལག་ལེན་ཞིག་ཡིན་ཡང་། དེང་གི་དུས་སུ་ཁ་ཚར་འདིར་འོལ་ཚོད་ཀྱིས་འཇུག་པ་མང་ཞིང་སྨན་ནུས་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཉེན་ཁ་དང་། དེ་ལས་བྱུང་བའི་འཇུག་འབྲས་མི་ལེགས་པ་མི་འབྱུང་བ་ཞིག་མ་ཡིན་པས་དེ་ལ་ཅུང་ཟད་སྨན་ཕྱིར་དེའི་ལག་ལེན་ཁག་གཞུང་གི་དགོངས་པ་དང་། བཤེས་གཉེན་རྣམ་པའི་ཞལ་རྒྱུན་སོགས་ཆོས་གྲོགས་རྣམས་ལ་གྲོས་འགོ་ཙམ་ཞིག་གསལ་བར་བསྟན་ཡོད།

བརྡ་ཆད་གཙོ་བོ། ཁ་ཚར། ཁ་འཛིན། ཁ་བསྣོན། ཁ་བསྒྱུར།

དུག་གསུམ་རྒྱུ་དང་འབྲས་བུར་བཅས་པའི་ནད།  །

མ་ལུས་རྩད་ནས་ཕྱུངས་ཤིང་གྲངས་མེད་འགྲོར། །

ཕན་བདེའི་དཔལ་ཡོན་མ་ལུས་སྟེར་མཛད་པའི། །

སྨན་པ་ཆེ་མཆོག་མཐིང་མདོག་དེ་ལ་འདུད། །

ཤེས་བྱའི་ཆོས་ཀྱི་དེ་ཉིད་མངོན་པར་གཟིགས།

སྣ་མང་འགྲོ་བར་བུ་གཅིག་ལྟར་བརྩེ་ཞིང་། །

གཏན་བདེའི་ལམ་བཟང་གང་དེར་བཀྲི་ནུས་པའི། །

མཚུངས་མེད་བཤེས་གཉེན་རྣམས་ཀྱིས་དགེ་ལེགས་སྩོལ། །

འདི་ན་འཚོ་བྱེད་རྣམས་ཀྱི་འཇུག་ངོགས་མཆོག །

གསོ་ཐབས་ཁ་ཚར་འདེབས་ཚུལ་ལག་ལེན་དག །

རང་མཉམ་གསར་བུ་དག་ལ་སྨན་པའི་ཕྱིར། །

གྲོས་འགོ་ཙམ་དུ་དེ་རིང་འདི་ན་བསྟར། །

དེ་ལྟ་ནའང་ཁ་ཚར་རྒྱ་མཚོའི་གཞུང་། །

བདག་བློའི་རྩ་རྩེས་གཞལ་བར་མི་ནུས་ཞིང་། །

ཁྱད་པར་གཞུང་དང་མྱོང་བས་རབ་དབུལ་བའི། །

བདག་འདྲས་ཁ་ཚོད་བྱེད་པར་ཅ