གདོང་གི་འབྲུམ་བུ་ལེན་པའི་སྨན་མཆོག བོད་བརྒྱུད་འབྲུམ་འཇོམས།

2019-04-09
0

བོད་བརྒྱུད་འབྲུམ་འཇོམས།  གདོང་གི་འབྲུམ་བུ་ལེན་པའི་བདུད་རྩི་སྨན་མཆོག  

དང་པོ།  ངོ་སྤྲོད་མདོར་བསྡུས། 

 བོད་བརྒྱུད་འབྲུམ་འཇོམས་ངོ་སྣུམ་ནི་སེང་ལྕམ་འབྲུག་མོ་བྱུག་རྫས་ཚད་ཡོད་སྤྱི་གཉེར་ཁང་གིས་ལོ་ངོ་བཞི་ལྷག་གི་རིང་ལ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཁག་དང་།  འཚོ་བྱེད་དམ་པ་དུ་མའི་ཉམས་མྱོང་ལ་གཞི་བཅོལ་ནས་ཞིབ་འཇུག་བྱས་པའི་བོད་སྨན་གྱི་བྱུག་རྫས་ཤིག་ཡིན་ཞིང་།  ༢༠༡༤ལོའི་ལོ་མཇུག་ཏུ་སློབ་གྲྭ་དང་མི་སྒེར།  གྲྭ་བ་དང་གྲོང་བ་སོགས་སོགས་ན་ཚོད་མི་འདྲ་བ་དང་།  ལས་རིགས་མི་འདྲ་བའི་མི་སྟོང་ལྷག་ལ་ཚོད་ལྟ་བྱས་ཤིང་།  ཕན་ནུས་མངོན་གསལ་དོད་པོ་ཡོད་པའི་ར་སྤྲོད་ཀྱང་བྱུང་ཡོད་པས།  ༢༠༡༦ལོའི་ལོ་མགོ་ནས་བཟུང་བྱུག་རྫས་འདི་ཉིད་རྒྱལ་སྤྱིའི་ཚད་ལྡན་ཚོང་རར་འགྲེམ་སྤེལ་བྱེད་པའི་ལྟ་གོན་བྱས་པ་དང་།  ཕྱིས་སུ་དཀའ་ངལ་དང་འབད་པ་ཆེན་པོ་བརྒྱུད་མཐར་ད་ནི་དངོས་སུ་ཚོང་རར་འགྲེམ་པའི་སྐལ་བ་བྱུང་ཡོད།  

 བོད་བརྒྱུད་འབྲུམ་འཇོམས་ཀྱི་ནུས་པ་ཐོན་སྟངས། 

གཉིས་པ།  ཕན་ནུས། 

 བོད་བརྒྱུད་འབྲུམ་འཇོམས་ངོ་སྣུམ་གྱི་ཕན་ནུས་གཙོ་བོ་ནི་གདོང་གི་འབྲུམ་བུ་ལེན་པ་དང་།  ངོའི་དུག་རིགས་སེལ་བ།   ངོའི་གཉེར་མ་མེད་པ་སོགས་ལ་ཕན་ཐོགས་ཡོད་ཅིང་།   དེ་དག་གི་ནང་ནས་ཀྱང་ཕན་ནུས་མངོན་གསལ་དུ་ཐོན་པ་ནི་གདོང་གི་འབྲུམ་བུ་ལེན་པ་ཡིན་དེ།  སྲིན་འབྲུམ་སོགས་འབྲུམ་བུའི་རིགས་དག་གི་སྟེང་དུ་བྱུག་ན་དུས་ཚོད་ཉེར་བཞིའི་ནང་དུ་ཡང་ཕན་ནུས་མངོན་གསལ་དུ་ཐོན་སྲིད་ལ།  འབྲུམ་རིགས་གསར་བ་ཡིན་ན་ཕལ་ཆེར་གཟའ་འཁོར་གཅིག་ནས་གཉིས་ཀྱི་བར་དུ་མེད་པ་བཟོ་ཐུབ་པ་དང་།   ལོ་མང་གི་འབྲུམ་རིགས་རྙིང་བ་ཡིན་ན་ཡང་ཟླ་བ་གཅིག་ལྷག་གི་རིང་དུ་བྱུག་ན་མེད་པར་བཟོ་ངེས།  བོད་བརྒྱུད་འབྲུམ་འཇོམས་བྱུག་རྫས་འདི་ནི་རྫས་འགྱུར་གྱི་རིགས་གང་ཡང་མེད་པའི་བདེ་འཇགས་ཀྱི་བྱུག་རྫས་ཤིག་ཡིན་པས།  ཁྱེད་ཀྱིས་སེམས་བདེ་བར་བེད་སྤྱོད་གནང་ཆོག 

གསུམ་པ།  བེད་སྤྱོད་བྱེད་སྟངས། 

 བོད་བརྒྱུད་འབྲུམ་འཇོམས་ཀྱི་བེད་སྤྱོད་བྱེད་སྟངས་ནི་གདོང་དག་པར་བཀྲུས་པའི་རྗེས་སུ་ཉུང་ཙམ་རེ་འབྲུམ་བུ་གར་ཡོད་ཀྱི་གནས་སུ་བྱུག་པས་ཆོག་ཅིང་།   གལ་ཏེ་ཁྱེད་ཀྱི་འབྲུམ་བུ་ལོ་མང་གི་འབྲུམ་བུ་རྙིང་པའམ།  འབྲུམ་བུ་ཅུང་ཆེན་པོ་ཡིན་ན་སྨན་བྱུག་རྗེས་སུ་ཅུང་ཟད་ཚ་བེར་བའི་ཚོར་བ་འབྱུང་སྲིད་མོད།  དེ་ནི་སྨན་གྱི་ནུས་པ་ཐོན་བཞིན་ཡོད་པ་ཡིན་པས།  སེམས་འཚབ་མ་བྱེད་པར་སྐར་མ་ཉི་ཤུ་ཙམ་ལ་བཞག་རྗེས་སུ་དག་པར་བཀྲུས་པས་ཆོག    ངོ་སྣུམ་འདི་སྤྱིར་བཏང་ཉི་མ་རེར་སྔ་མོ་ཐེངས་གཅིག་དང་།  དགུང་མོ་ཐེངས་གཅིག་བྱུག་ན་བཟང་མོད།  གལ་ཏེ་ཁྱེད་ཀྱིས་སྔ་ཕྱི་ཀུན་དུ་ངོ་འཁྲུད་མ་ཐུབ་ཚེ།   ཉིན་གུང་དང་ཕྱི་དྲོ་སོགས་ལ་འབྲུམ་བུ་གར་ཡོད་ཀྱི་གནས་ཆུས་བཀྲུས་རྗེས་སུ་བྱུག་ཀྱང་ཆོག   

ལྔ་པ།  རིན་གོང་། 

 བོད་བརྒྱུད་འབྲུམ་འཇོམས་ཀྱི་རྒྱལ་ཡོངས་གཅིག་གྱུར་རིན་གོང་ནི་དམངས་སྒོར་༡༦༨ཡིན་ཞིང་།  ཆེད་ཚོང་བ་དང་ལས་ཁང་གང་དུ་མངགས་ཉོ་བྱས་ཀྱང་དེ་ལས་རིན་གོང་སླ་བ་དང་།  ཡང་ན་དེ་ལས་མཐོ་བ་ཡོད་མི་སྲིད་པས།   རྒྱ་ཆེའི་འཛད་སྤྱོད་པ་ཡོངས་ཀྱིས་དེ་ལུགས་ཐུགས་འཇགས་གནང་རོགས།  

 གཟུགས་བརྙན་སྨྲ་ཚབ་པ། བོད་ཀྱི་གཞས་མ་གྲགས་ཅན་མཚོ་མོ།  

བཞི་པ།  ཕྱིར་ཚོང་བྱེད་སྟངས།  

 བོད་བརྒྱུད་འབྲུམ་འཇོམས་ཕྱིར་འཚོང་བྱེད་སྟངས་ནི་གཙོ་བོ་སེང་ལྕམ་འབྲུག་མོ་བྱུག་རྫས་ཚད་ཡོད་སྤྱི་གཉེར་ཁང་གི་འཕྲིན་སྟེགས་བརྒྱུད་ནས་ཕྱིར་འཚོང་བྱེད་རྒྱུ་ཡིན་ཞིང་།   ས་གནས་སོ་སོ་ནས་ཆེད་ཚོང་བ་ཡང་བསྡུ་རྒྱུ་ཡིན་ལ།  དྲ་ལམ་ཆེད་ཚོང་བ་དང་།  ཚོང་རའི་ཆེད་ཚོང་བ་སོ་སོའི་འབྲེལ་ལམ་དང་།  འཕྲིན་ཕྲན་བཤེར་རིས་སོགས་དུས་ལྟར་སེང་ལྕམ་འབྲུག་མོ་བྱུག་རྫས་ཚད་ཡོད་སྤྱི་གཉེར་ཁང་གི་འཕྲིན་སྟེགས་སུ་འགོད་རྒྱུ་ཡིན་ལ།  འཕྲིན་སྟེགས་སུ་བཀོད་མེད་པའི་ཆེད་ཚོང་བ་དང་།  ཚོང་རའི་ཚོང་བ་སོགས་ནི་རྫུན་བཟོ་བྱས་པའི་རིགས་སུ་གཏོགས་ཤས་ཆེ་བས།   ཚང་མས་དེ་ལ་དོགས་ཟོན་ནན་མོ་གནང་རོགས།    

གསལ་བཤད། 

 བོད་བརྒྱུད་འབྲུམ་འཇོམས་ངོ་སྣུམ་འདི་༢༠༡༧ལོའི་སྤྱི་ཟླ་༢པོའི་ཚེས་༤ཉིན་དངོས་སུ་ས་གནས་སོ་སོར་བསྐུར་རྒྱུ་ཡིན་ཞིང་།  དུས་ཚོད་དེ་ནས་བཟུང་དགོས་མཁོ་ཡོད་པའི་གྲོགས་པོ་ཚང་མས་མངགས་ཉོ་བྱེད་ཆོག  མངགས་ཉོ་བྱེད་འདོད་མཁན་གྱི་གྲོགས་པོ་ཚོས་གཤམ་གྱི་བཤེར་རིས་བརྒྱུད་ནས་ངེད་སེང་ལྕམ་འབྲུག་མོ་བོད་བརྒྱུད་བྱུག་རྫས་ཚད་ཡོད་སྤྱི་གཉེར་ཁང་གི་འཕྲིན་སྟེགས་སུ་ཕེབས་ཤོག  



  • 顶 0