མགོ་ན་བ་བཅོས་ཐབས།

2019-04-08
0

སྤྱིར་ན་མི་ཕལ་མོ་ཆེ་མགོ་ན་མྱོང་ཡོད་ནའང་མང་དག་ཅིག་གིས་སྣང་མེད་དུ་འཇོག་གི་ཡོད། འོན་ཀྱང་མགོ་ན་བ་དེ་ལུས་སྤྱིའི་ནད་གཞི་ཁག་གཅིག་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། ཉེན་ཁ་ཆེ་བར་བརྟེན་ངེས་པར་དུ་དོ་སྣང་ཆེན་པོ་བྱ་དགོས་པའི་ནད་རྟགས་ཤིག་ཡིན། ད་ཡང་དུ་བ་ཆེན་པོའི་ནང་བསྡད་དྲགས་པ་དང་། ཉིན་མཚན་མང་པོ་གཉིད་མེད་པ། ཟས་སྐོམ་མེད་པར་བསྡད་དྲགས་པ། སྐད་ཆ་མང་པོ་བཤད་དྲགས་པ། ངུ་དྲགས་པ། ཆང་རག་མང་པོ་བཏུངས་དྲགས་པ། མེ་དང་ཉི་མ་སོགས་ཚ་བའི་རིགས་ཀྱི་དྲོས་དྲགས་པ། ལུས་ཆེས་བསིལ་དྲགས་པ་(རི་མཐོ་པོའི་རླུང་བསེར་ཕོག་པ་)དང་། དེ་བཞིན་བརྡབས་ཆག་བྱུང་བ་སོགས་ཀྱིས་མགོ་ན་སྲིད་པ་ཡིན།

.རྒྱུ་རྐྱེན་དང་ནད་རྟགས། དེ་ཡང་མེ་དང་ཉི་མས་དྲོད་ཚེ་མགོ་ན་བ་མ་ཟད། མགོ་བོ་ལྕི་ལ་ཟས་རིགས་ཟ་འདོད་མེད་པ་དང་། ལྷག་པར་ཆང་རག་བཏུངས་ཚེ་མགོ་ན་བ་བཅས་ནི་ཕལ་ཆེར་བད་མཁྲིས་ཀྱི་མགོ་ནད་ཡིན།

སྨན་བཅོས་བྱ་ཐབས།ཞོགས་པ་རིལ་དཀར་པད་སྡོང་རིལ་བུ་༦དང་། ཉིན་གུང་གསེར་ཏིག་རིལ་བུ་༤དགོང་མོ་གསེར་མདོག་བཅུ་གཅིག་རིལ་བུ་༣(སྨན་ལ་བཟི་ཡོད་པས་ཁ་ལག་ཟས་རྗེས་གཏོང་དགོས་)བར་གསེང་དུ་མ་ནུ་བཞི་ཐང་གི་ཐང་བསྐོལ་ནས་གཏོང་དགོས།

.རྒྱུ་རྐྱེན་དང་ནད་རྟགས།མགོ་བོ་ལྕི་ཞིང་ལུས་པོ་འཁྱོམས་པ་དང་། ཟ་རི་ཟི་རིག་བྱེད་པ། ཟས་ལ་བྲོ་བ་མེད་པ་བཅས་ནི་ཕར་ཆེར་བད་རླུང་གི་མགོ་ནད་ཡིན།

སྨན་བཅོས་བྱ་ཐབས། ཞོགས་པ་ཤིང་ཀུན་བརྒྱད་པ་རིལ་བུ་གཅིག་དང་། ཉིན་དགུང་རིལ་དཀར་པད་སྡོང་རིལ་བུ་༧ དགོང་མོ་བདུད་རྩི་བཅུ་གཅིག་རིལ་བུ་༧བཅས་ཆུ་ཁོལ་ཚ་པོིས་གཏོང་དགོས།

མུ་འགོད།


  • 顶 0