ན་གཞོན་བྲིས་པ་སྐལ་བཟང་མཁས་གྲུབ།

2020-04-30
26

སྐལ་བཟང་མཁས་གྲུབ་ནི་དཀར་མཛེས་རྫོང་གོང་ལམ་ནང་མང་བཟང་གྲོང་དུ་དུད་ཚང་ཕལ་པ་ཞིག་གི་ཁྱིམ་དུ་༡༩༩༤ལོར་སྐྱེས་ཤིང་། ཆུང་དུས་ནས་མི་གཤིས་བཟང་ཞིང་བོད་སྐད་ཡིག་ལ་འདུན་པ་བླ་ལྷག་ཏུ་ཟབ། ༢༠༠༨ལོར་སློབ་རིམ་འཕར་བར་བརྟེན་དཀར་མཛེས་མི་རིགས་སློབ་འབྲིང་དུ་འགྲིམས་ནས་རྒྱ་བོད་ཡིག་རིགས་ཀུན་ལ་སྦྱོང་པ་རྒྱ་ཆེར་བྱེད་པའི་ཞོར་དུ། ཡིག་གཟུགས་དགེ་རྒན་བསོད་ནམས་དབང་རྒྱལ་ཀྱི་མདུན་ནས་བོད་ཀྱི་ཡིག་གཟུགས་རིགས་ཀུན་ལ་སྐོམ་པས་ཆུ་འདོད་ལྟར་འབད་པར་བྱས། མི་རིགས་སློབ་འབྲིང་གི་ཡིག་གཟུགས་འགྲན་སྡུར་མང་པོའི་ཁྲོད་ཨང་གཉིས་པ་དང་གསུམ་པའི་བྱ་དགའ་ཐོབ་མྱོང་། རང་ཉིད་ཀྱིས་འབད་པར་བརྒྱུད་ནས་༢༠༡༤ལོར་སི་ཁྲོན་མི་རིགས་སློབ་གླིང་གི་དངོས་གཞི་སློབ་མ་ལ་རྒྱུགས་འཕྲོད། སི་བོད་སློབ་གླིང་གི་༢༠༡༥དང་༡༧ལོའི་ཡིག་གཟུགས་འགྲན་སྡུར་ཐོག་ཨང་དང་པོ་དང་གཉིས་པའི་བྱ་དགའ་ཐོབ། ༢༠༡༨ལོའི་དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཐོག་དབུ་ཅན་ཡིག་གཟུགས་ཨང་གཉིས་པ་དང་སྒྱུ་རྩལ་ཡིག་གཟུགས་ཨང་གསུམ་པའི་བྱ་དགའ་ཐོབ་པ་མ་ཟད། འབྲོང་རྭ་སོགས་དུས་དེབ་ཀྱི་ཐོག་ཏུ་ཡིག་གཟུགས་ཀྱི་བརྩམས་ཆོས་བཀོད་མྱོང་། ༢༠༡༨ལོར་སློབ་མཐར་ཕྱིན་པར་དང་བསྟུན་ནས་སྡེ་དགེ་རྫོང་རྫོང་ཨུའི་ནང་དུ་གཞུང་བྱེད་པའི་ལས་གནས་ལ་རྒྱུགས་འཕྲོད། ད་ལྟར་འགོ་ཁྲིད་ཀྱི་དྲུང་ཡིག་དང་ཡིག་བསྒྱུར་སོགས་ཀྱི་ལས་ཀར་གཉེར་བའི་ཞོར་དུ་མུ་མཐུད་ནས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་ལ་འབད་པར་བྱེད་བཞིན་ཡོད།

  • 顶 0