སྡེར་ནང་ས་བྲིས་པ་སངས་རྒྱས་བཀྲ་ཤིས།

2020-04-29
0

སྡེར་ནང་ས་བྲིས་པ་སངས་རྒྱས་བཀྲ་ཤིས་ནི་1990ལོར་མགོ་ལོག་དར་ལག་སྡེར་ནང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་ཚེ་སྲོག་གི་སྨྱུ་གུ་འབུས་ཤིང་།  ཆུང་ངའི་དུས་ནས་ཁྱད་ཐོན་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་རིན་པོ་ཆེའི་ཐོག་ནས་ཀ་ཁ་ག་ངའི་གདངས་དབྱངས་གྱེར་འགོ་བརྩམས་ལ།  2005ལོར་སྡེར་ནང་ས་བྲིས་ཡིག་ཆུང་འབྲི་སྦྱོང་ནས་བརྩམས་ཏེ་རང་རེའི་ལུགས་གཉིས་གཙུག་ལག་རྒྱ་མཚོའི་རུ་མ་བརྡ་སྤྲོད་དང་སྙན་ངག་ལ་བག་ཆག་བཞག  2016ལོར་སྡེར་ནང་ས་བྲིས་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོའི་ཞབས་ལ་གཏུགས་ནས་ས་བྲིས་ཡིག་ཆེན་དང་ཡིག་ཆུང་འབྲུ་ཚ་ཡིག་འབྲིང་བཅས་ལ་བརྩོན་པ་ནར་མར་བྱས་ཏེ་སྦྱངས་བ་གང་ཐོན་བགྱིས་པར་མ་ཟད།  རང་ས་གནས་གཙོའི་པའི་རིམ་པ་ཁག་ནས་སྤེལ་བའི་སྡེར་ནང་ས་བྲིས་ཡིག་གཟུགས་འགྲན་སྡུར་དུ་མའི་ཁྲོད་ཞུགས་ཤིང་སྔ་ཕྱིར་གྲུབ་འབྲས་གང་ཡགས་ཐོབ་ཡོད་ལ།  ༼ མགོ་ལོག་གི་སྨོན་འདུན་༽ཞེས་པའི་སྡེར་ནང་ས་བྲིས་ཀྱི་དངོས་བྲིས་ཐང་ཀ་དག  2018ལོའི་ཧྲང་ཧའེ་ཇུས་འགོད་ཀྱི་རྒྱལ་སའིPACCབྱེད་དགོའི་རྒྱལ་ཡོངས་གཟུགས་འདས་ཇུས་འགོད་འགྲེམ་ཁུལ་དུ་ཞུགས་པར་བདམས་ཐོན་བྱུང་།  ད་ལྟ་ཕ་ཡུལ་སྡེར་ནང་དུ་ས་བྲིས་ལ་འབད་བཞིན་འཚོ་ཞིང་གཞིས་པ་བཅས་སོ།།

  • 顶 0