ཁམས་པའི་བརྙན་འཕྲིན་གཞི་རིམ་དུ་བསྐྱོད་ནས་དམངས་ལ་ཞབས་ཞུ་སྒྲུབ་པ།

2014-07-02

  

  ༢༠༡༤ལོའི་ཟླ་༦པའི་ཚེས་༢༤ཉིན་ནི་ཁམས་པའི་བརྙན་འཕྲིན་བཙུགས་ནས་ལོ་འཁོར་བཞི་ལོན་པར་རྟེན་འབྲེལ་ཞུ་བའི་ཉིན་མོ་རེད། ཉིན་འདིར་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་ཞིག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རྫོང་སྐྱ་གད་ལུང་པ་ནས་སྤེལ་འགོ་བརྩམས་པ་རེད། ཁམས་པའི་བརྙན་འཕྲིན་བཙུགས་ནས་ལོ་བཞིའི་རིང་ལ། གཞི་རིམ་དུ་རིག་གནས་དང་། བཅའ་ཁྲིམས། ཚན་རྩལ་སོགས་ཁྱབ་གདལ་གཏོང་བའི་དམངས་ཕན་ཞབས་ཞུ་བསྒྲུབས་པས། བོད་ཁུལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པ་རེད།   ཁམས་པའི་བརྙན་འཕྲིན་གཞི་རིམ་དུ་བསྐྱོད་ནས་དམངས་ལ་ཞབས་ཞུ་སྒྲུབ་པ།

<