ཁམས་པའི་བརྙན་འཕྲིན་གྱི་༢༠༡༤ལོའི་སྐྱ་གད་ལུང་པའི་དགྱེས་འཛོམས་ཞེས་པའི་སྤྱི་ཕན་བྱེད་སྒོ་སྤེལ་ཚུལ།

2014-07-03

 བྱམས་པའི་ཁ་བརྡ་རྩྭ་ཐང་དུ་སླེབས་ཡོད། ཐེངས་འདིའི་ལེ་ཚན་ནང་གདན་འདྲེན་ཞུ་བའི་སྐུ་མགྲོན་ནི་མི་གྲགས་ཅན་མིན་ལ། དེ་དག་ནི་གཅེས་མོས་ཡོད་པའི་བྱིས་པ་རྣམས་རེད། བྱིས་པ་རྣམས་ལས་སྒྲུབ་པ་དང་མཉམ་དུ་སློབ་ཁང་ཕྱིར་ཐོན་ཅིང་། རྩྭ་ཐང་ཐོག་ནས་བྱམས་པའི་ཁ་བརྡ་བྱེད་པ་རེད། བྱིས་པ་རྣམས་ཀྱིས་ཐེངས་འདིའི་ལེ་ཚན་ཁྲོད་ནས་ཤེས་བྱ་མང་པོ་ཞིག་སློབ་ཡོད་པ་དང་། བོད་མི་རིགས་ཀྱི་རིག་གནས་ལའང་རྒྱུས་ལོན་ཡག་པོ་ཞིག་བྱེད་ཐུབ་ཡོད།  

 

བྱིས་པ་ཚོ་བརྙན་དུ་ལེན་པར་བྲེལ་བའི་ལས་སྒྲུབ་པ།

 

  མདོ་འཛིན་པ་བྱམས་པ་རྡོ་རྗེའང་སློབ་གྲྭའི་ནང་དུ་སླེབས་ནས། བྱིས་པ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བའི་སྐོར་ལ་རྒྱུས་ལོན་བྱས་པ་རེད། 

 

 

  བརྙན་འཕྲིན་ཁང་གི་ལས་སྒྲུབ་པ་རྣམས་ཀྱིས་སྔོན་མར་ཞལ་འདེབས་ཕུལ་བའི་གོས་དེ་ས་གནས་དེ་གའི་དབུལ་ཕོངས་སློབ་མར་སྤྲོད་རྗེས། བྱིས་པ་རྣམས་སེམས་ཧ་ཅང་དགའ་ལ། དེའི་ནང་ནས་ལོ་ན་ཆུང་བའི་བྱིས་པ་ཞིག་གིས་ལས་སྒྲུབ་པའི་ལག་ལ་བཟུང་ནས། རྗེས་མར་ཁྱེད་ཚོ་ད་རུང་ཡོང་ལེ་ཨེ་ཡིན་ཞེས་རེ་སྒུག་ཆེ་བའི་ཚུལ་གྱིས་དྲིས་པ་རེད།

 

<