དགོང་ཚོགས་ངོ་སྤྲོད།

2014-07-01

  ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་དང་ལག་ལེན་བྱེད་སྒོ་ཟབ་སྤེལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་སྐུལ་ཁྲིད་བྱེད་པ་སོགས་ཀྱི་ཆེད་དུ། ཁམས་པའི་བརྙན་འཕྲིན་ཁང་གིས་བོད་ཁུལ་ལ་ཞབས་ཞུ་སྒྲུབ་པ་ལས་འགན་གཙོ་བོར་བཞག་ནས། བོད་ཁུལ་དུ་བསྐྱོད་དེ་དམངས་ལ་ཕན་པ་སྒྲུབ་པའི་སྤྱི་ཕན་བྱེད་སྒོ་ཆེན་པོ་སྟེ། སྐྱ་གད་ལུང་པའི་དགྱེས་འཛོམས་ཞེས་པ་སྤེལ་བ་རེད། ཐེངས་འདིའི་སྐྱ་གད་ལུང་པའི་རིག་གནས་བྱེད་སྒོ་སྤེལ་བའི་ནང་དོན་གཙོ་བོར། གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་སྤེལ་གནས་ཀྱི་སྒོ་བྱང་འགེལ་བ་དང་། སྐྱ་གད་ལུང་པའི་དགྱེས་འཛོམས་ཞེས་པའི་རིག་རྩལ་བྱེད་སྒོ་སྤེལ་བ། སྐྱ་གད་ལུང་པ་རུ་འཆད་ཁྲིད་སྒྲོན་མེའི་ལེ་ཚན་དུ་ཞུགས་པའི་མཁས་པས་མི་ཉག་སྐོར་གྱི་འཆད་ཁྲིད་མཛད་པ་བཅས་འདུས་ཡོད་པ་རེད། རྗེས་མར་ད་དུང་མུ་མཐུད་ནས་ཚན་རྩལ་དང་བཅའ་ཁྲིམས་སྐོར་གྱི་རིག་གནས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་སྤྱི་ཕན་བྱེད་སྒོ་སྤེལ་རྒྱུ་རེད།   

   ༢༠༡༤ལོའི་ཟླ་༦པའི་ཚེས་༢༤ཉིན། ཁམས་པའི་བརྙན་འཕྲིན་ཁང་གིས་སྐྱ་གད་ལུང་པའི་དགྱེས་འཛོམས་ཞེས་པའི་བྱེད་སྒོ་དེ། དཀར་མཛེས་ཁུལ་དར་མདོ་རྫོང་སྐྱ་གད་ལུང་པ་རུ་སྤེལ་བ་རེད།   

<