ཐད་གཏོང་། ༼བཀྲ་ཤིས་གཡང་ལོའི་༽ཁུག་དམར་ལེན་པར་ཤོག

2019-02-03

 

     ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་མི་རིགས་རླུང་འཕྲིན་ཁང་།དཀར་མཛེས་ཁུལ་ལི་ཐང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་ཁམས་པའི་བརྙན་འཕྲིན་ཁང་གི་རབ་བྱུང་བཅུ་བདུན་པའི་ས་ཕག་ལོའི་ལོ་སར་བརྙན་འཕྲིན་མཉམ་འབྲེལ་སྤྲོ་ཚོགས་《བཀྲ་ཤིས་གཡང་ལོ》ཞེས་པ་སྤྱི་ཟླ་2པའི་ཚེས་5ཉིན་ཏེ། ལོ་སར་ཚེས་གཅིག་གི་སྔ་དྲོའི་དུས་ཚོད་9སྟེང་ཁམས་པའི་བརྙན་འཕྲིན་བརྒྱུད་ནས་གཏོང་རྒྱུ་རེད།

  ད་ལོའི་བརྙན་འཕྲིན་མཉམ་འབྲེལ་སྤྲོ་ཚོགས་སུ།བོད་ཀྱི་མིང་དུ་གྲགས་པའི་གཞས་པ་ཡར་དུང་དང་། གཞས་མ་འཇམ་དབྱངས་སྒྲོལ་མ།  བཀྲ་ཤིས་ཉི་མ། ཤེར་བསྟན།  ཚེ་དབང་ལྷ་མོ་སོགས་གདན་འདྲེན་ཞུས་ཡོད་ལ།བོད་ཀྱི་སྲོལ་རྒྱུན་བྲོ་གར་དང་། བཞད་གར་སོགས་འཁྲབ་ཚན་སྣ་མང་གྲ་སྒྲིག་བྱས་ཡོད།ཁྱེད་ལ་རང་གི་ཁྱིམ་མི་དང་ལྷན་དུ་སྤྲོ་དགའི་ཟས་བཅུད་རོལ་བཞིན་བརྙན་འཕྲིན་མཉམ་འབྲེལ་སྤྲོ་ཚོགས་ལ་ལྟ་རྒྱུའི་འདུན་པ་ཞིག་སྐྱེས་ཡོད་དམ། 

 

 

  རིག་རྩལ་འཁྲབ་སྟོན་ལས་གཞན་ད་དུང་ཁུག་དམར་ལེན་རྒྱུ་ཡོད་ལ།ཐེངས་འདིའི་བརྙན་འཕྲིན་མཉམ་འབྲེལ་སྤྲོ་ཚོགས་ཀྱི་ཐོག་གཏོང་དང་དགོང་མོའི་བསྐྱར་གཏོང་གི་སྐབས་སུ་ཁམས་པའི་བརྙན་འཕྲིན་ཁང་གིས་གཅེས་སུ་འོས་པའི་གཡང་ཕྲུག་ལོ་ལོ་མངགས་ནས་ཁྱེད་རྣམས་ལ་ཁུག་དམར་ཆར་བ་འབབ་འབབ་བྱེད་རྒྱུ་ཡིན་ལ།ཁུག་དམར་ལེན་རྒྱུའི་གོ་སྐབས་6ཡོད་ཅིང་། ཁུག་དམར་དང་མཉམ་དུ་ངེད་ཅག་གི་སྨོན་འདུན་ཟབ་མོ་ཡང་ཁྱེད་ལ་འབུལ་སྟེ།གནམ་ལོ་གསར་ཚེས་ལ་རྒྱུ་དང་འབྱོར་བ་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ 

 

 

    ཐོག་གཏོང་དུས་ཚོད།སྤྱི་ཟླ2པའི་ཚེས་5ཉིན།(ལོ་སར་ཚེས་གཅིག)སྔ་དྲོའི་དུས་ཚོད་དགུ 

    བསྐྱར་གཏོང་དུས་ཚོད།སྤྱི་ཟླ2པའི་ཚེས་5ཉིན།(ལོ་སར་ཚེས་གཅིག)དགོང་མོའི་དུས་ཚོད་བདུན། 

    བརྙན་འཕྲིན་མདུན་ནས་ལྟ་མི་ཐུབ་པའི་གྲོགས་པོ་དག་གིས་ཁམས་པའི་བརྙན་འཕྲིན་དྲ་བ་དང་ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་སྟེགས།ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ། ཤམ་བྷ་ལ་རོལ་དབྱངས་འཕྲིན་སྟེགས་བཅས་བརྒྱུད་ནས་དུས་མཉམ་དུ་ཐད་གཏོང་བྱེད་སྒོར་ཞུགས་ཆོག 

 

ད་དུང་སྦྲེལ་ཐག་ http://mudu.tv/watch/2820185མནན་ན་ཐད་གཏོང་ཁྲོད་ནས་ཁུག་དམར་ལེན་ཐུབ། 

གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ནས་ཐད་གཏོང་ལ་གཟིགས་རོགས། 

  

 

                                                                                               རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས། 

                                                                                              རྩོམ་སྒྲིག་འགན་ཁུར་པ། ཞང་ཞུང་། 

<