ཡི་དམ་ཚེ་རིང་།

2018-11-29
0

 

  ཁོང་ནི་སྤྱི་ལོ1933ལོའི་ཟླ2ཚེས10ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཕིང་ཨན་རྫོང་དུ་སྐུ་འཁྲུངས་པ་དང་སྤྱི་ལོ2004ལོའི་ཟླ10ཚེས12ཉིན་གྲོང་ཁྱེར་ལན་གྲུ་རུ་སྐུ་གཤེགས། ཁོང་ནི་བོད་ཀྱི་མིང་དུ་གྲགས་པའི་སྙན་ངག་པ་ཞིག་ཡིན།

  ཁོང་ནི་སྤྱི་ལོ1933ལོའི་ཟླ2ཚེས10ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཕིང་ཨན་རྫོང་དུ་སྐུ་འཁྲུངས།  སྤྱི་ལོ1949ལོའི་ཟླ11པར་ལས་ཀར་ཞུགས།  སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་ན་གཞོན་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་དང་ནུབ་བྱང་སྒྱུ་རྩལ་སློབ་གླིང་དུ་སློབ་སྦྱོང་གནང་། ཁོང་ཉིད་སྐུ་འཚོ་བཞེས་ཀྱི་སྐབས་སུ་ཕུལ་དུ་བྱུང་བའི་བརྩམས་ཆོས་མང་པོ་གསར་རྩོམ་བྱས་ཤིང་།  ཁོང་ནི་བོད་ཀྱི་མིང་དུ་གྲགས་པའི་སྙན་ངག་པ་ཞིག་ཡིན།  ཁོང་ཉིད་སྤྱི་ལོ2004ལོའི་ཟླ10ཚེས12ཉིན་གྲོང་ཁྱེར་ལན་གྲུ་རུ་སྐུ་གཤེགས།

  ཁོང་ཉིད་སྤྱི་ལོ1949ལོའི་ཟླ11པར་ལས་ཀར་ཞུགས། སྤྱི་ལོ1954ལོའི་ཟླ7པ་ནས་སྤྱི་ལོ1979ལོའི་དགུན་ཁར་ནུབ་བྱང་མི་རིགས་སློབ་གླིང་གི་གླུ་གར་ཚོགས་པ་དང་ཀན་སུའུ་ཞིང་ཆེན་མི་རིགས་གླུ་གར་ཚོགས་པ་བཅས་ཀྱི་དགེ་རྒན་དང་།  གསར་རྩོམ་པ།  འཁྲབ་སྟོན་རུ་ཁག་དང་།  ཞབས་བྲོ་རུ་ཁག   མཉམ་ལས་རུ་ཁག་བཅས་ཀྱི་དབུ་གཙོ་དང་།  འཁྲབ་ཁྲིད་པ།  ཚིག་རྩོམ་མཁན།  གསར་རྩོམ་ཞིབ་འཇུག་ཁང་གི་ཀྲུའུ་རེན།  ཀན་སུའུ་ཞིང་ཆེན་གླུ་གར་ཚོགས་པའི་ལས་སྒོའི་ཚོགས་ཆུང་གི་དབུ་གཙོ་དང་།  གསར་རྩོམ་ཚོགས་ཆུང་གི་དབུ་གཙོ།  གཞུང་ལས་ཁང་གི་ཀྲུའུ་རེན་སོགས་ཀྱི་འགན་བཞེས།  སྤྱི་ལོ1979ལོའི་ཟླ4པ་ནས་སྤྱི་ལོ1990ལོའི་ཟླ12པར་ཀན་སུའུ་ཞིང་ཆེན་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས།  སྤྱི་ལོ1990ལོའི་ཟླ12པ་ནས་སྤྱི་ལོ2000ལོའི་ཟླ3པར་ཀན་སུའུ་ཞིང་ཆེན་རྩོམ་རིག་གླིང་གི་ཆེད་ལས་རྩོམ་པ་པོ་དང་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཤིང་།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་མཚན་འཛིན་སློབ་དཔོན་ཆེན་མོ་བཅས་ཡིན།  ལས་འཁྱུར་ངལ་གསོ་གནང་རྗེས།  ཁོང་ཉིད་ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་བློ་འདོན་པར་གདན་འདྲེན་ཞུས།

  སྤྱི་ལོ1980ལོ་ནས་བཟུང་སྙན་རྩོམ《ཉི་འོད་འབུལ་བའི་མི》དང《ཨ་མའི་སྙིང་ནས་གདམས་པའི་གླུ》《ཚེ་སྲོག་དར་རྒུད་ཀྱི་དབྱངས་རྟ》བཅས་དང་།  སྙན་རྩོམ་གྱི་དེབ《གངས་སེང》དང《གངས་ལྗོངས》《གངས་ལྗོངས་ཀྱི་ཉི་མ》《གངས་སེང་དཀར་མོའི་ང་རོ》《གངས་ལྗོངས་མཚན་ཉིད་པའི་རྟོག་དཔྱོད་ཀྱི་མེ་ཏོག》སོགས་སྔ་རྗེས་སུ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་བྱ་དགའ20ལྷག་ཐོབ།  སྤྱི་ལོ1988ལོར་ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་ཁོང་ལ(མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྣ)ཞེས་པའི་མཚན་གནང་། 

  ཁོང་གིས་སྐུ་ཚེ་ཧྲིལ་པོར་རྩོམ་རིག་སྒྱུ་རྩལ་གྱི་ཕྱག་ལས་ལ་ཐུགས་ནུས་རྩལ་སྤྲུག་མཛད་ནས་ཕུལ་དུ་བྱུང་བའི་བརྩམས་ཆོས་མང་པོ་གསར་རྩོམ་གནང་།  ཁོང་ནི་གཡུར་ཟའི་འབྲས་བུ་ཐོབ་པའི་སྙན་ངག་པ་ཞིག་སྟེ་དུས་རབས20པའི་ལོ་རབས80པ་ནས་བཟུང་སྙན་རྩོམ་གསར་རྩོམ་གྱི་མགོ་བརྩམས་པར་མཛད་ཅིང་།  སྔ་རྗེས་སུ་དམངས་གླུ་ཕྱོགས་བསྒྲིགས་ཏེ《གཉེན་སྟོན་གྱི་གླུ》ཞེས་པ་དང་།  སྙན་རྩོམ་ཕྱོགས་བསྒྲིགས་ཏེ《གངས་རི》《གངས་སེང》《གངས་ལྗོངས》《གངས་དབྱངས》《གངས་ལྗོངས་ཀྱི་ཉི་མ》ཞེས་པ་སོགས་དང་།  དཔྱད་རྩོམ་ཕྱོགས་བསྒྲིགས་ཏེ《གངས་སེང་དཀར་མོའི་ང་རོ》ཞེས་པ།  རྣམ་ཐར་ཏེ《གངས་ལྗོངས་མཚན་ཉིད་པའི་རྟོག་དཔྱོད་ཀྱི་མེ་ཏོག》ཞེས་པ་སོགས་པར་དུ་བསྐྲུན།

  • 顶 0