བྱང་ཆུབ་སྒྲོལ་མ།

2018-10-26
0

 

   བྱང་ཆུབ་སྒྲོལ་མ་ནི་བོད་ཀྱི་བུད་མེད་བྲིས་རིས་པ་མིང་དུ་གྲགས་པ་ཞིག་ཡིན་ཞིང་། མོ་ནི་ཀྲུང་གོའི་མཛེས་རྩལ་ཚོགས་པའི་ཚོགས་མི་དང་། སི་ཁྲོན་མཛེས་རྩལ་ཚོགས་པའི་ཚོགས་མི། ཨ་རིའི་རྒྱལ་སྤྱིའི་རིག་གནས་ཚན་རིག་ཚོགས་པའི་ཚོགས་མི། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཡིག་རིས་སློབ་གླིང་གི་ཡིག་རིས་པ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རིས་པ་བཅས་ཡིན།

  ངོ་སྤྲོད།

  བྱང་ཆུབ་སྒྲོལ་མ་ནི་སྤྱི་ལོ1947 ལོའི་ཟླ་དང་བོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འབའ་ཐང་དུ་སྐྱེས་ཤིང་། སྤྱི་ལོ1965 ལོར་སི་ཁྲོན་མཛེས་རྩལ་སློབ་གླིང་མི་རིགས་འཛིན་གྲྭ་ནས་སློབ་མཐར་ཕྱིན། བྱང་ཆུབ་སྒྲོལ་མས་ལོ་མང་པོའི་རིང་ལ་བོད་ཀྱི་སྲོལ་རྒྱུན་རི་མོ་འབྲི་རྩལ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་དང་། བོད་རང་གི་ཁྱད་ཆོས་ལྡན་པའི་མཛེས་རིས་བརྩམས་ཆོས་མང་པོ་ཞིག་གསར་རྩོམ་བྱས། མོ་ནི་ཀྲུང་གོའི་མཛེས་རྩལ་ཚོགས་པའི་ཚོགས་མི་དང་། སི་ཁྲོན་མཛེས་རྩལ་ཚོགས་པའི་ཚོགས་མི། ཨ་རིའི་རྒྱལ་སྤྱིའི་རིག་གནས་ཚན་རིག་ཚོགས་པའི་ཚོགས་མི། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཡིག་རིས་སློབ་གླིང་གི་ཡིག་རིས་པ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རིས་པ་བཅས་ཡིན།

   བྱ་བའི་གྲུབ་འབྲས།

  མོའི་བརྩམས་ཆོས་མང་པོ་ཡིས་རྒྱལ་ཡོངས་ཀྱི་མཛེས་རིས་འགྲེམ་སྟོན་ཐེངས་ལྔ་བ་དང་དྲུག་པ། བདུན་པ། རྒྱལ་ཡོངས་གྲངས་ཉུང་མི་རིགས་མཛེས་རིས་འགྲེམ་སྟོན་དང་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་མཛེས་རིས་འགྲེམ་སྟོན་སོགས་སུ་ཞུགས་པར་མ་ཟད། བརྩམས་ཆོས་ལ་སྔ་ཕྱིར་ཐེངས་དགུ་པའི་རྒྱལ་ཡོངས་མཛེས་རིས་འགྲེམ་སྟོན་ལས་ཕུལ་བྱུང་བྱ་དགའ་དང་། ཞིང་ཆེན་རིམ་པའི་ཨང་རིམ་དང་པོའི་བྱ་དགའ་གཉིས། ཨང་རིམ་གཉིས་པའི་བྱ་དགའ་གསུམ། ཨང་རིམ་གསུམ་པའི་བྱ་དགའ་གསུམ། དངུལ་གྱི་རྟགས་མའི་བྱ་དགའ་སོགས་དགའ་རྟགས་མང་པོ་ཐོབ། སྔ་གཞུག་ཏུ་ཤང་ཀང་། ཨར་ཅི་རི་ཡ། འཇར་པན། སིང་ཀ་ཕོར་སོགས་རྒྱལ་ཁབ་ཕྱི་ནང་ཀུན་དུ་འགྲེམ་སྟོན་དུ་སོང་མྱོང་བའི་བོད་ཀྱི་བུད་མེད་མཛེས་རིས་པ་གྲགས་ཅན་ཞིག་ཡིན་ཞིང་སི་ཁྲོན་ཞིང་ཆེན་གྱི་ཀུན་སྤྱོད་དང་སྒྱུ་རྩལ་ཟུང་ལེགས་ཀྱི་གཟེངས་རྟགས་ཀྱང་ཐོབ་མྱོང་།

  སྤྱི་ལོ1994 ལོ་དང་སྤྱི་ལོ1999 ལོ་གཉིས་ལ་ཐེ་ཝན་དུ་མི་སྒེར་གྱིས་བོད་ཀྱི་མཛེས་རིས་གསར་བ་ཡི་འགྲེམ་སྟོན་ཞེས་པའི་མཛེས་རིས་འགྲེམ་སྟོན་སྤེལ། འབྲེལ་ཡོད་སྡེ་ཁག་གིས་ཀྲུང་གོའི་སྐམ་སའི་སྟེང་གི་མི་རིགས་རིག་གནས་འཕེལ་རྒྱས་ཀྱི་ཁུངས་སྐྱེལ་དཔེ་མཚོན་གྱི་སྒྱུ་རྩལ་མཛེས་ཆོས་རེད་ཅེས་པའི་བསྟོད་བསྔགས་ཐོབ། སྤྱི་ལོ2009 དང་སྤྱི་ལོ2010 ལོ་སོ་སོར་ཐའེ་ཀྲུང་། ཐའེ་པེ། ཐའེ་ནན་དུ་བྱང་ཆུབ་སྒྲོལ་མའི་མཛེས་རིས་འགྲེམ་སྟོན་ཞེས་པའི་སྐོར་སྐྱོད་འགྲེམ་སྟོན་སྤེལ། ཐའེ་ཝན་དང་སྐམ་ས་ཆེན་པོའི་བར་གྱི་དུང་བའི་བརྩེ་བ་མཚོན་ལ་རིག་གནས་བརྗེ་རེས་བྱེད་པའི་འབྲེལ་ཟམ་ཞིག་བཙུགས་ཡོད། །   

 

 

  

  • 顶 0