དབྱངས་ཅན་ལྷ་མཛེས།

2019-01-17

 དབྱངས་ཅན་ལྷ་མཛེས་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་གྲོང་བརྡལ་དུ་སྐྱེས་པའི་བོད་ཀྱི་ན་གཞོན་གཞས་མ་ཞིག་ཡིན་ལ། སྒྱུ་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག  ཡུལ་ཤུལ་ཁུལ་གླུ་གར་ཚོགས་པའི་རོལ་ཆ་འཁྲབ་དཀྲོལ་ཆེད་གཉེར་པ་བྱས་ཤིང་། སྣ་མང་རང་བཞིན་གྱི་འཁྲབ་སྟོན་བྱ་འགུལ་མང་བོར་ཞུགས། དེ་ལས་རང་ཉིད་ཀྱི་སྒྱུ་རྩལ་འཇོན་ཐང་དེ་ཕྱི་རུ་ངོམས་པའི་གོ་སྐབས་མང་བོ་བྱུང་། སྤྱི་ལོ2010ལོར། ཕ་ཡུལ་ཡུལ་ཤུལ་ས་འགུལ་གནོད་སྐྱོན་ལ་རོགས་སྐྱོར་མང་བོ་བྱས།

 
 

གླུ་གཞས་ཆེད་སྒྲིག

སྤྱི་ལོ2008ལོར། 《སྒྲ་དབྱངས་རྒྱ་མཚོ》

སྤྱི་ལོ2009ལོར། 《མཐོ་སྒང་བུ་མོ》

སྤྱི་ལོ2010ལོར། 《ཡུལ་ཤུལ་མ་སྐྱོ་མ་ངུ》

རྐྱང་གཞས། 

《ཁྱེད་དང་འཕྲད་པ་ང་ཡི་ལས》《པོ་ཏ་ལ》《གངས་རིའི་སྨོན་འདུན》《སྒྲ་དབྱངས་རྒྱ་མཚོ》

<