འཕྱོངས་ཞོལ་སྒྲོལ་མ།

2019-01-17

 

 འཕྱོངས་ཞོལ་སྒྲོལ་མ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་སྐྱེས་པའི་བོད་ཀྱི་ན་གཞོན་གཞས་མ་ཞིག་ཡིན། ཁོ་མོ་ནི་གླུ་གཞས་ལེན་པར་དངོས་ཡོད་ནུས་ཤུགས་ལྡན་པར་མ་ཟད། གླུ་གཞས་གསར་རྩོམ་ལའང་ཧ་ཅང་བྱང་ཆ་ལྡན།  

 
 

སྤྱི་ལོ1990ལོར། ནུབ་བྱང་མི་རིགས་སློབ་གླིང་གི་གླུ་གར་སྡེ་ཁག་ཏུ་ལོ་ལྔ་ལ་སློབ་སྦྱོང་བྱས། དེའི་སྐབས་སུ་ཞིང་ཆེན་རིམ་པའི་བྲོ་གར་འགྲན་སྡུར་ལ་ཞུགས་ནས་ཐེངས་འགར་བྱ་དགའ་ཐོབ།

སྤྱི་ལོ1991ལོར། སློབ་རའི་གཞས་པའི་འགྲན་ཚོགས་ལ་ཞུགས་ནས་ཨང་དང་པོ་བླངས།

སྤྱི་ལོ1993ལོར། ཀན་སུའུ་ཞིང་ཆེན་གྱི་གོ་བདེ་གླུ་གཞས་འགྲན་སྡུར་སྟེང་ཞུགས་ནས་ཨང་གཉིས་པ་བླངས།

སྤྱི་ལོ2000ལོར། ཀྲུང་གོ་གླུ་གཞས་སློབ་གླིང་དུ་སོང་ནས་སློབ་སྦྱོང་བྱས།

སྤྱི་ལོ2002ལོར། ཁྲིན་ཏུའུ་གདང་ལ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟི་ལ་གན་རྒྱ་བཞག

སྤྱི་ལོ2003ལོར། ལྷ་ས་ནས་གླུ་ལེན་ཆེད་ཚོགས་བསྡུས།

སྤྱི་ལོ2010ལོར། ནུབ་བྱང་མི་རིགས་སློབ་གླིང་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་རྟེན་འབྲེལ་མཛད་སྒོར་ཞུགས།

སྤྱི་ལོ2011ལོར། ནུབ་བྱང་མི་རིགས་སློབ་ཆེན་ནས་རང་ཉིད་ཀྱི་གླུ་གཞས་ཆེད་ཚོགས་བསྡུས།  

 
 

གླུ་གཞས་ཆེད་སྒྲིག

《ཧི་མ་ལ་ཡ་བརྒལ་བ》《གནམ་མཐའི་བོད》《སྒྲོལ་མའི་མིག་ཆུ།》

《ཚེ་འདིར་ཁྱོད་ལ་དགའ་ཞེས་བཤད་མྱོང》《ཨ་མའི་མིག་ཟུང》《བདག་གི་ཁྱིམ》《ཚེ་སྲོག》《བཀྲ་ཤིས་ཟླ་བ》《སྔོན་ཆད་ཀྱི་མཛེས་སྡུག》《རླུང་བུའི་ཁྲོད་ཀྱི་རྩྭ་ཐང》《འཁྱམ་པོའི་དྲན་ཤེས》

<