རྒྱལ་སྤྱིའི་ཐོག་སྙན་གྲགས་མངོན་པར་མཐོ་བའི་ཡུལ་ཤུལ་གྱི་རི་མོའི་སྒྱུ་རྩལ་པ་ཀརྨ་རྡོ་རྗེ་ཚེ་རིང་།༼ཨོ་ཡོ།༽

2019-05-16
0

རྒྱལ་སྤྱིའི་ཐོག་སྙན་གྲགས་མངོན་པར་མཐོ་བའི་ཡུལ་ཤུལ་གྱི་རི་མོའི་སྒྱུ་རྩལ་པ་ཀརྨ་རྡོ་རྗེ་ཚེ་རིང་།༼ཨོ་ཡོ།༽

ཀརྨ་རྡོ་རྗེ་ཚེ་རིང(ཨོ་ཡོ)ལགས་ནི༡༩༦༣ལོར་ཡུལ་ཤུལ་ནང་ཆེན་ཙི་རྒྱུད་སྨད་མ་སྤང་མདའ་གྲོང་དུ་སྐྱེས། སྔ་ཕྱིར་སློབ་གྲྭ་རིམ་པར་ཞུགས་ཏེ་རིག་གནས་སྤྱི་ལ་སྦྱོང་པ་དོན་དུ་གཉེར། ལྷག་ཏུ་ཆུང་དུས་ནས་རི་མོའི་སྐོར་ལ་དགའ་ཕྱོགས་ཚད་མེད་སྐྱེས་ཏེ་འབད་པ་བྱས་པས་རྒྱལ་ཡོངས་ལ་གྲགས་པའི་རི་མོ་བར་གྱུར། ད་ལྟ་ཀྲུང་གོ་རི་མོ་བ་ལྷན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོ་དཔེ་སྐྲུན་ཁང་ལྷན་ཚོགས་མཛེས་བཟོ་སྒྱུ་རྩལ་ཨུ་ཡོན་ཚོགས་པའི་རྒྱུན་ལས། ཀྲུང་གོ་གྲངས་ཉུང་མི་རིགས་ཀྱི་རི་མོ་མདུན་སྐུལ་ཚོགས་པའི་ལས་འཛིན་པ། པེ་ཅིན་དེབ་ཀྱི་དཔེ་རིས་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ལས་འཛིན་པ། རྒྱལ་ཡོངས་གསར་འགྱུར་དཔེ་སྐྲུན་ཤེས་ལྡན་མི་སྣ། མི་རིགས་དཔེ་སྐྲུན་ཁང་རི་མོའི་རྩོམ་སྒྲིག་པ་བཅས་ཡིན། སྐབས་དགུ་པ་དང་བཅུ་པ། བཅུ་གཅིག་པའི་རྒྱལ་ཡོངས་རི་མོ་བརྩམས་ཆོས་བཀྲམ་སྟོན་དང་། སྐབས་བཅོ་ལྔ་དང་བཅུ་དགུའི་རྒྱལ་ཡོངས་པང་ཅལ་རི་མོ་བཀྲམ་སྟོན། སྐབས་ལྔ་པའི་ཤེས་རབ་མཐོ་བའི་རྒྱལ་སྤྱི(འཇར་པན)པང་ཅལ་རི་མོ་བཀྲམ་སྟོན་སོགས་རྒྱལ་ཕྱི་ནང་གི་བརྩམས་ཆོས་བཀྲམ་སྟོན་ལྔ་བཅུ་ལྷག་ལ་ཞུགས། བརྩམས་ཆོས་འགའ་ཞིག་ཀོང་ཏུང་རི་མོའི་སྒྱུ་རྩལ་ཁང་དང་ཀྲེ་ཅང་རི་མོའི་སྒྱུ་རྩལ་ཁང་སོགས་རིག་གཞུང་ལས་ཁང་དང་སྒེར་གཞུང་མང་པོར་ཉར་ཚགས་བྱས་ཡོད། རི་མོའི་བྱ་དགའི་སྐོར། སྐབས་བཅོ་ལྔ་བའི་རྒྱལ་ཡོངས་དེབ་ཀྱི་དཔེ་རིས་པང་ཅལ་རི་མོ་ཆུང་བ་སྒྱུ་རྩལ་བཀྲམ་སྟོན་ལས་དེབ་ཀྱི་དཔེ་རིས་ཆེས་ལེགས་ཤོས་དང་། སྐབས་སོ་བཞི་པ་རྒྱལ་སྤྱིའི་དེབ་ཀྱི་དཔེ་རིས་ལོ་ཟུང་བཀྲམ་སྟོན་ལས་བྱ་དགའ་ཨང་བཞི་པ་ཐོབ། སྐབས་གཉིས་པའི་ཀོང་ཀྲུའུ་རྒྱལ་སྤྱིའི་དེབ་ཀྱི་དཔེ་རིས་དང་པང་ཅལ་རི་མོ་ལོ་ཟུང་བཀྲམ་སྟོན་ལས་ཕུལ་བྱུང་བྱ་དགའ་ཐོབ། སྐབས་བཅུ་གསུམ་པ་རྒྱལ་ཡོངས་སོགས་པང་ཅལ་རི་མོ་ཆུང་ཆུང་བའི་བྱ་དགའ་གཉིས་པ་ཐོབ། དེབ་ཀྱི་དཔེ་རིས་ཀྱི་མིང་འདོན་བྱ་དགའ་ཐོབ།
  ཇུས་འགོད་ཀྱི་བྱ་དགའི་སྐོར། ༢༠༡༤ལོར་ཀྲུང་གོའི་ཆེས་མཛེས་པའི་དཔེ་ཆ་ཞེས་པའི་བྱ་དགའ་དང་། སྐབས་བརྒྱད་པའི་རྒྱལ་ཡོངས་ཇུས་འགོད་སྒྱུ་རྩལ་བཀྲམ་སྟོན་ཆེས་ཡག་ཤོས་ཀྱི་བྱ་དགའ་ཐོབ། ༢༠༡༣ལོར་ཀྲུང་གོ་ཆེས་མཛེས་པའི་དཔེ་ཆ་ཞེས་པའི་བྱ་དགའ་ཐོབ། སྐབས་གཉིས་པའི་ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་བྱ་དགའ་དང་སྐབས་བདུན་པའི་རྒྱལ་ཡོངས་དཔེ་ཆ་ཇུས་འགོད་སྒྱུ་རྩལ་བཀྲམ་སྟོན་ལས་ཆེས་ལེགས་པའི་དཔེ་ཆ་ཇུས་འགོད་དང་ཕུལ་དུ་བྱུང་བའི་དཔེ་ཆའི་བར་བཅུག་རི་མོའི་དགའ་རྟགས་ཐོབ། ༢༠༠༩ལོར་ཀྲུང་གོའི་ཆེས་ལེགས་པའི་དཔེ་ཆའི་དགའ་རྟགས་དང་སྐབས་དང་པོ་ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་དགའ་རྟགས།(མཛེས་བཟོ་ཇུས་འགོད་དགའ་རྟགས)སྐབས་དྲུག་པ་རྒྱལ་ཡོངས་དཔེ་ཆ་མཛེས་བཟོ་སྒྱུ་རྩལ་བཀྲམ་སྟོན་ལས་བྱ་དགའ་ཨང་གསུམ་པ་སོགས་ཇུས་འགོད་སྐོར་གྱི་བྱ་དགའ་ཐོབ། སྒེར་གྱི་བརྩམས་ཆོས་འགྲེམ་སྟོན་སྐོར། ༡༩༨༧ལོར། ཡུལ་ཤུལ་དུ་ཨོ་ཡོའི་རི་མོའི་སྒྱུ་རྩལ་འགྲེམ་སྟོན་ཞེས་པ་སྤེལ་བ་དང་། ༢༠༠༧ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྲུང་གོ་གཞུང་ཚབ་མཐུས་ཚབ་ཁང་དུ་ཚོན་མདོག་ལྔ་ལྡན་གྱི་རླུང་། ཀརྨ་རྡོ་རྗེ་ཚེ་རིང་གི་རི་མོའི་སྒྱུ་རྩལ་ཞེས་པ་འགྲེམ་སྟོན་སྤེལ། ༢༠༡༠ལོར། པེ་ཅིན་རྩྭ་ཐང་ཁུལ་རིག་རྩལ་ས་ཁུལ་དུ་ངའི་ཡུལ་ཤུལ། ངའི་སྤང་མདའ། ཀརྨ་རྡོ་རྗེ་ཚེ་རིང་གི་རི་མོའི་སྒྱུ་རྩལ་འགྲེམ་སྟོན་ཞེས་པ་སྤེལ། ༢༠༡༢ལོར། པེ་ཅིན་རྩྭ་ཐང་ཁུལ་དུ་འཕོ་འགྱུར། ཨོ་ཡོའི(ཀརྨ་རྡོ་རྗེ་ཚེ་རིང)པང་ཅལ་རི་མོའི་སྒྱུ་རྩལ་གྱི་བརྩམས་ཆོས་འགྲེམ་སྟོན་དང་། པེ་ཅིན་ཡཱ་ཁྲང་སྒྱུ་རྩལ་ཁང་དུ་གཟུགས་མེད་ཀྱི་ཁམས། དཔེ་ཆ་ཇུས་འགོད་པ་ཨོ་ཡོའི(ཀརྨ་རྡོ་རྗེ་ཚེ་རིང)བརྩམས་ཆོས་འགྲེམ་སྟོན་ཞེས་པ་སྤེལ། ༢༠༡༣ལོར། ༧༩༨པདྨ་མེ་ཏོག་སྒྱུ་རྩལ་མཐིལ་དུ་སེམས་ཀྱི་མཎྜལ། ཀརྨ་རྡོ་རྗེ་ཚེ་རིང་གི(ཨོ་ཡོ)སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ཞེས་པ་སྤེལ། ལོ་དེར། བྱང་ཕྱོགས་མཁའ་འགྲུལ་སྒྱུ་རྩལ་ཁང་དུ་མཎྜལ། ཨོ་ཡོའི(ཀརྨ་རྡོ་རྗེ་ཚེ་རིང)སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ཞེས་པ་སྤེལ། ༢༠༡༤ལོར། ༧༩༨པདྨ་མེ་ཏོག་སྒྱུ་རྩལ་མཐིལ་དུ་འབྱུང་བ་སྟེ་གཟུགས་མངའ་དང་གཟུགས་མེད། ཀརྨ་རྡོ་རྗེ་ཚེ་རིང་གི(ཨོ་ཡོ)སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ཞེས་པ་སྤེལ། ལོ་དེར། པེ་ཅིན་དེང་རབསMOMAསེམས་བག་ཡངས་པའི་གནས་སུ་དྲི་བཟང་ཆབ། ཀརྨ་རྡོ་རྗེ་ཚེ་རིང་གི(ཨོ་ཡོ)ཐོག་མའི་གསར་གཏོད་པང་ཅལ་རི་མོའི་སྒྱུ་རྩལ་འགྲེམ་སྟོན་ཞེས་པ་སྤེལ། ༢༠༡༥ལོར། ཡུལ་ཤུལ་དངོས་མང་བཤམས་སྟོན་ཁང་དུ་རྣལ་འབྱོར་རྨི་ལམ། ཀརྨ་རྡོ་རྗེ་ཚེ་རིང་གི(ཨོ་ཡོ)པང་ཅལ་རི་མོའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ཞེས་པ་སྤེལ།དཔེ་སྐྲུན་གྱི་སྐོར། ༢༠༠༧ལོར་གཟུགས་མེད་ཀྱི་ཁམས། ཀརྨ་རྡོ་རྗེ་ཚེ་རིང་གི་(ཨོ་ཡོ)རི་མོའི་སྒྱུ་རྩལ་བརྩམས་ཆོས་ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་དཔར། དཔེ་ཆའི་བར་བཅུག་རི་མོའི་སྐོར། ༡༩༩༧ལོར། ཨ་ཁུ་སྟོན་པའི་གཏམ་རྒྱུད་ཅེས་པ་ཐེ་ཝན་སོག་བོད་ཨུ་ཡོན་ལྷན་ཁང་དཔེ་སྐྲུན་ཁང་ནས་དཔར། ༡༩༩༩ལོར། བརྩེ་དུང་གི་ཟམ་པ་སྣོལ་མ་ཞེས་པ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དཔེ་སྐྲུན་ཁང་ནས་དཔར། ༢༠༠༣ལོར། བོད་ཀྱི་ཚིག་མཛོད་ཆེན་མོ་ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ༢༠༠༨ལོར། པཱ་ལ་ཧ་པཱ་སུ་རོང་སྙན་ངག་བདམས་བཀོད་ཅེས་པ་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ༢༠༠༩ལོར། མདོ་སྨད་རྟ་མཆོག་ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ༢༠༡༠ལོར། རླུང་གི་རྗེས་རིས་ཞེས་པ་ཀྲུང་གོ་ཏུན་ཧོང་རིག་གནས་དཔེ་སྐྲུན་ཁང་ནས་དཔར། ཚངས་དབྱངས་རྒྱ་མཚོའི་མགུར་དང་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ཞེས་པ་སྔ་ཕྱི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ༢༠༡༡ལོར། མི་བུ་ཞིག་གི་ཐོད་བརྒལ་ཞེས་པ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དཔེ་སྐྲུན་ཁང་ནས་དཔར། ༢༠༡༢ལོར། རྒྱ་ནག་སྟོབས་ལྡན་བྱང་ཆུབ་འཕགས་དབང་དང་རྒྱ་ནག་མ་ཎི་རྡོ་འབུམ་རིག་གནས་སྤྱི་བཤད་ཅེས་པ་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ༢༠༡༣ལོར། མི་རོ་རྩེ་སྒྲུང་ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ༢༠༡༤ལོར། ངེད་ཕ་བུ་ཚོའི་མི་ཚེ་ཞེས་པ་མི་རིགས་དཔེ་སྐྲུན་ཁང་དཔར། ༢༠༡༥ལོར། གྲུ་པ་ལུང་ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ༢༠༡༤ལོ་གསར་འགྱུར་གྱི་སྐོར།  ༡༩༨༧ལོའི་ཟླ་བ༢པར། ཡུལ་ཤུལ་བརྙན་འཕྲིན་ཁང་གིས་ཕ་ཡུལ་ལ་ཕུལ་བའི་བརྩེ་བ་ཞེས་པ་ཆེད་སྒྲིག་ལེ་ཚན་བརྙན་ཕབ་བྱས།

རྒྱལ་སྤྱིའི་ཐོག་སྙན་གྲགས་མངོན་པར་མཐོ་བའི་ཡུལ་ཤུལ་གྱི་རི་མོའི་སྒྱུ་རྩལ་པ་ཀརྨ་རྡོ་རྗེ་ཚེ་རིང་།༼ཨོ་ཡོ།༽

༡༩༩༡ལོར་ཟླ་བ༣པའི་ཚེས༧ནས༡༦བར་པེ་ཅིན་དུ་རྒྱལ་ཡོངས་གཞོན་ནུ་ལས་ཞོར་རིག་རྩལ་གསར་གཏོད་པའི་འཚོགས་འདུར་ཞུགས་པ་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་དུས་རབས་ལས་བརྒལ་བའི་མི་རབས་གསར་པ་ཞེས་པའི་དཔང་རྟགས་སྤྲད། ༢༠༠༡ལོའི་ཟླ༥པར། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་རི་མོ་སྒྱུ་རྩལ་བ་ཀརྨ་རྡོ་རྗེ་ཚེ་རིང་ཞེས་ཆེད་དོན་ལེ་ཚན་བསྒྲིགས་ཏེ་རྒྱལ་ཕྱི་ནང་ལ་བསྒྲགས། ༢༠༠༨ལོའི་ཟླ༡༠པར། བོད་ལྗོངས་བརྙན་འཕྲིན་ཁང་གིས་བོད་ཀྱི་རི་མོའི་སྒྱུ་རྩལ་བ་ཀརྨ་རྡོ་རྗེ་ཚེ་རིང་ཞེས་གསར་འགྱུར་བཅར་འདྲི་ལས་བསྒྲགས། ༢༠༠༩ལོའི་ཟླ་བ༥པར། ཀྲུང་དབྱང་མི་རིགས་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་ཀྲུང་ཧྭ་སྒྲ་དབྱངས་ལེ་ཚན་ལས་བོད་རིགས་ན་གཞོན་རི་མོའི་སྒྱུ་རྩལ་པ་ཀརྨ་རྡོ་རྗེ་ཚེ་རིང་ཞེས་གསར་འགྱུར་བཅར་འདྲི་ལས་བསྒྲགས། དུས་དེབ་དང་ཚགས་པར་ཐོག་ཏུ་བཀོད་པའི་བརྩམས་ཆོས། ནང་བསྟན་རིག་གནས་དང་ཀྲུང་གོའི་མི་རིགས། མི་རིགས་པར་བརྙན། རི་མོའི་སྒྱུ་རྩལ། རྒྱུ་ནོར་ཚོམས། པོ་ཏ་ལ། རི་མོའི་སྒྱུ་རྩལ་གྱི་གྲོགས་པོ། ཇུས་འགོད། དེང་རབས་ཀྲུང་གོའི་རི་མོ། དཔེ་ཆ་ཇུས་འགོད། མ་རྩ་གཏོང་མཁན་ཚགས་པར། སྒྱུ་རྩལ་པ། ཀྲུང་གོའི་མི་རིགས་ཚགས་པར། ལྷོ་ཕྱོགས་གཟའ་མཇུག སྤྱི་ཚོགས་ཚོང་འབྲེལ་ཚོམས། རྒྱལ་ཁ། དྲྭ་པར་བཟོ་ཞིང་རྒྱལ་སྲང་སྒྱུ་རྩལ། གོ་ལའི་དུས་ཐོག་ཚགས་པར། ཧྲང་ཧེ་ཉིན་རེའི་ཚགས་པར་སོགས་རྒྱལ་ཕྱི་ནང་གི་དུས་དེབ་དང་ཚགས་པར་ཐོག་ཏུ་རིན་ཐང་ལྡན་པའི་བརྩམས་ཆོས་མང་པོ་སྤེལ། རྒྱལ་སྤྱི་མཉམ་འབྲེལ་སྐོར། ༢༠༡༢ལོའི་ཟླ༥པར། འཇར་མན་ལུས་རྩལ་རིག་གནས་ལྟ་སྐོར་པུའུ་དང་ཡ་གླིང་རིག་གནས་མཐིལ་གྲོང་ཁྱེར་ཡར་སྐུལ་ཚོགས་པས་གཙོ་སྒྲུབ་བྱས་པའི་ཧན་གོ ཀྲུང་གོ འཇར་ཕན་རྒྱལ་ཁབ་གསུམ་གྱི་ངོས་སྙོམ་ཇུས་འགོད་པ་གདན་ཞུས་བཀྲམ་སྟོན་བགྲོ་གླེང་དང་མཛད་སྒོ་ཐོག་ཏུ་ཞུགས། སྤྱི་ཕན་གྱི་སྐོར། ༢༠༠༨ལོར། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་སློབ་རྣམས་ལ་གཟུགས་མེད་ཀྱི་ཁམས་ཀརྨ་རྡོ་རྗེ་ཚེ་རིང(ཨོ་ཡོ)རི་མོའི་བརྩམས་ཆོས་དེབ་གཟིགས་རྟེན་དུ་ཕུལ། ༢༠༡༣ལོར། བོད་ལྗོངས་གཡག་དངོས་མང་བཤམས་སྟོན་ཁང་ལ་སྣུམ་ཚོན་རི་མོ་ནུབ་རྒྱུད་ཀྱི་ཉི་མ་ཞེས་པ་ལེགས་སྐྱེས་སུ་ཕུལ། ༢༠༡༥ལོར། པེ་ཅིན་གཙང་གསུམ་འགོ་ཁུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྷན་ཚོགས་ཀྱིས་སྒྲུབ་པའི་གཙང་གསུམ་འགོ་ཁུངས་ནི་ལྷ་ཡུལ་ཡིན་ཞེས་པའི་སྤྱི་ཕན་བཀྲམ་སྟོན་བྱ་འགུལ་ལ་པང་ཅལ་རི་མོ་ཆུང་བ་དང་དེབ་ཀྱི་དཔེ་རིས་ལེགས་སྐྱེས་སུ་ཕུལ། ༢༠༡༥ལོའི་ཟླ་༡༠པར། ཡུལ་ཤུལ་དངོས་མང་བཤམས་སྟོན་ཁང་ལ་སྤང་མདའ་ཁ་སོགས་པང་ཅལ་རི་མོའི་བརྩམས་ཆོས་སུམ་ཅུ་ལྷག་ལེགས་སྐྱེས་སུ་ཕུལ། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་ཡུལ་ཤུལ་ཁུལ་སློབ་འབྲིང་ཁག་གི་བཤམས་སྟོན་ཁང་ལ་པང་ཅལ་རི་མོའི་བརྩམས་ཆོས་སུམ་བཅུ་ལྷག་ལེགས་སྐྱེས་སུ་ཕུལ། །

རྒྱལ་སྤྱིའི་ཐོག་སྙན་གྲགས་མངོན་པར་མཐོ་བའི་ཡུལ་ཤུལ་གྱི་རི་མོའི་སྒྱུ་རྩལ་པ་ཀརྨ་རྡོ་རྗེ་ཚེ་རིང་།༼ཨོ་ཡོ།༽


  • 顶 0