སི་མ་ཞང་རུའུ།

2019-04-04
0

      སི་མ་ཞང་རུའུ་ནི་ཧན་རྒྱལ་རབས་ནུབ་མའི་དུས་ཀྱི་རྩོམ་རིག་མཁས་པ་ཞིག་ཡིན་ཞིང་།  ཁོང་གི་ཐོག་མའི་མིང་ལ་སི་མ་ཁྲང་ཆིང་ཟེར་བ་དང་།  ཀྲན་གོའི་དུས་ཀྱི་བློན་ཆེན་ལིན་ཞང་རུའུ(蔺相如)ཞེས་པར་དད་པ་ཆེ་བས་ན་རང་ཉིད་ཀྱི་མིང་ཡང་ཞང་རུའུ་ཞེས་པར་བསྒྱུར།  ཁོང་གི་འཁྲུངས་ཡུལ་ནི་ཧྲུའུ་ཅུན་ཁྲེང་ཏུའུ་སྟེ་དེང་གི་སི་ཁྲོན་ཁྲེང་ཏུའུ་གྲེང་ཁྱེར་ཡིན།  ཁོང་ལོ་ན་གཞོན་དུས་དཔེ་ཆ་ཀློག་རྒྱུ་དང་རལ་གྲིའི་རྩལ་རྩེད་ལ་དགའ་བས་གོང་མ་ཧན་ཅིང་ཏིའི(汉景帝)རྩལ་སྦྱོང་གི་ཞབས་ཕྱི་གནང་མོད།  ཡིན་ནའང་གོང་མ་ཧན་ཅིང་ཏི་ཡིག་རྩལ་ལ་མི་དགའ་བས་སི་མ་ཞང་རུའུ་ཡིས་དཔོན་གནས་བསྐྱུར་ནས་ལྭིང(梁)ཞེས་པའི་རྒྱལ་ཕྲན་དུ་ཕེབས་པ་དང་།  ལྭིང་རྒྱལ་པོའི་འཁོར་མགྲོན་བྱས་ནས་བསྡད་ཅིང་།   ལྭིང་རྒྱལ་པོའི་རྩོམ་རིག་གི་ཞབས་ཕྱི་ཙོའུ་དབྱང(邹阳)དང་ཀྲོང་ཅི(庄忌)སོགས་དང་མཉམ་དུ་རྩེད་དགར་རོལ་བཞིན《ཙི་ཞུའུ་ཧྥུའུ》ཞེས་པ་བརྩམས།  གོང་མ་ཧན་ཝུའུ་ཏིས་རྩོམ་ཡིག་དེ་གཟིགས་རྗེས་བསྔགས་བརྗོད་ཆེན་པོ་གནང་བ་དང་།  སི་མ་ཞང་རུའུ་ལང(郎)ཞེས་པའི་དཔོན་གནས་སུ་བཀུར།  དེ་རྗེས་ཀྲུང་ལང་དམག་དཔོན(中郎将)ཞེས་པའི་གོ་གནས་སུ་སྤར།   རྗེས་སུ་གནས་དབྱུང་བཏང་བས་ཁྱིམ་དུ་ལས་མེད་ལྷོད་པོར་སྐུ་གཤེགས་རག་བར་བཞུགས། 

 མཚོན་བྱེད་བརྩམས་ཆོས།

      ཁོང་གི་བརྩམས་ཆོས་ལ《ཙི་ཞུའུ་ཧྥུའུ》(子虚赋)《ཧྲང་ལིན་ཧྥུའུ》(上林赋)《ཏཱ་རེན་ཧྥུའུ》(大人赋)《ཁྲན་མུན་ཧྥུའུ》(长门赋)《མེ་རེན་ཧྥུའུ》(美人赋)སོགས་ཡོད།

 ཞར་བྱུང་།

      ཀྲུའོ་ཝུན་ཅུན(卓文君)ནི་ཧན་རྒྱལ་རབས་ནུབ་མའི་དུས་ཀྱི་ལིན་ཆུང(临邛)ཡུལ་གྱི་མི་ཡིན།  མོ་ནི་ཕྱུག་བདག་ཀྲུའོ་ཝང་སུན(卓王孙)གྱི་བུ་མོ་ཡིན་ཞིང་རོལ་ཆ་གཏོང་བར་ཤིན་ཏུ་མཁས།  མོ་བཟའ་ཚང་འཐོར་རྗེས་ཁྱིམ་དུ་བསྡད་ཅིང་།  རྗེས་སུ་སི་མ་ཞང་རུའུ་དང་གཅིག་སེམས་གཅིག་ལ་ཆགས་སྟེ་ཁྲེང་ཏུའུ་རུ་བྲོས་བྱོལ་དུ་ཕྱིན་མོད།   འོན་ཀྱང་འཚོ་བ་མ་འཁྱོལ་བས་སླར་ཡང་ལིན་ཆུང་ལ་ལོག་དགོས་བྱུང་།  དེ་ནས་ཁོ་གཉིས་ཀྱིས་ཆང་ཁང་ཆུང་ཆུང་ཞིག་བཙུགས་ཝུན་ཅུན་གྱིས་ཆང་འཚོང་བ་དང་།  ཞང་རུའུ་ཡིས་ལག་ཀ་ཙག་ཙིག་ལས་སྟེ་འཚོ་ཐབས་བྱས།  ཀྲུའོ་ཝུན་སུན་ངོ་གསོར་དགའ་བས་ཁོ་གཉིས་ལ་རྒྱུ་ནོར་དང་གཡོག་པོ་ཁ་ཤས་གནང་རྗེས་ཁོང་གཉིས་ཀྱིས་རྒྱུ་དངོས་འཛོམས་པའི་འཚོ་བ་སྐྱིད་པོ་རོལ།  དེ་ནས་བཟུང་ཀྲུའོ་ཝུན་ཅུན་གྱིས་བརྩེ་དུང་ཆེད་དུ་ཁྱིམ་ནས་བྲོས་བྱོལ་ཕྱིན་པའི་སྒྲུང་གཏམ་དེ་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་ཞིང་།  རྗེས་སུ་མི་རྣམས་ཀྱིས་དེ་བརྗོད་གཞིར་བྱས་ནས་སྒྲུང་དེབ་དང་ཟློས་གར་འཁྲབ་གཞུང་མང་པོ་བརྩམས་ཡོད།


  • 顶 0