ཁྱད་ལྡན་ཐོན་ལས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་ཕན་ཐོགས་པ།

2017-01-17

 

  ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གི་སྔོ་ཚལ་དྲོད་ཁང་ནང་ཚལ་འདེབས་མཁན་གྱིས་སྔོ་ཚལ་ལ་ཆུ་རྒྱག་པའི་གནས་ཚུལ་ཡིན་པ། 

 

  ཉིང་ཁྲི་རྫོང་གི་བོད་བྱ་གསོ་སྤེལ་རྟེན་གཞི་ཡིན་པ། 

 

  ཉིང་ཁྲི་རྫོང་གི་བཞོན་མ་གསོ་སྤེལ་ར་བ་ཡིན་པ། 

  རང་ལྗོངས་ཀྱིས་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱས་པ་དང་སྲིད་གཞུང་གིས་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་ནས་ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་མང་ཚོགས་རྣམས་ཁྲོམ་རར་ཞུགས་རྒྱུ་དང་ཞིང་ལས་རྩ་འཛུགས་ཅན་དུ་འགྱུར་བའི་ཚད་གཞི་མཐོ་རུ་གཏོང་བ། ཞིང་ལས་ཐོན་ཟོག་གི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་པས་ཞིང་འབྲོག་མང་ཚོགས་ཀྱི་བྱང་ཚད་དང་ཡོང་འབབ་འཕར་རྒྱུ་སོགས་ཀྱི་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།།

<