བོད་ལྗོངས་མིག་ལོང་སྐྱིད་ལྷ་ལགས་ཀྱིས་མིག་ལོང་བྱིས་སྐྱོང་ཁང་བཙུགས་པ།

2016-09-30

  ཟླ་༩བའི་ཚེས་༡༣ཉིན། བོད་ལྗོངས་གཞིས་རྩེ་ས་ཁུལ་སྐྱིད་སྐྱིད་བྱིས་སྐྱོང་ཁང་གི་དགེ་རྒན་མིག་ལོང་སྐྱིད་ལྷ་ལགས་ནས་བུ་ཕྲུག་ཅིག་ཁྲིད་ཡོང་ཞིང་། ཁོ་ནི་བྱིས་སྐྱོང་ཁང་འདིའི་སློབ་ཕྲུག་༡༨་པ་དེ་རེད། སྐྱིད་ལྷ་ལགས་ནས་མཁས་གྲུབ་དམ་པོར་པང་དུ་བཟུང་སྟེ། རྗེས་མར་འདི་རུ་འཚོ་བ་རོལ་དགོས་ལ། བདག་གིས་ཁྱེད་ལ་བྱམས་སྐྱོང་བྱེད་ངེས། ཅེས་ཟེར། 

  ཡིག་ཁོའུ་དྲ་བར་ཕུགས་འདུན་གྱི་དུས་ཚིགས་ཅེས་པའི་དངོས་བརྒྱུད་ཟིན་བྲིས་བརྙན་རིས་སྟེ། དེ་རུ་བཅོས་སྒྲིག་མ་བྱས་པར་སྐྱིད་ལྷ་ཡི་ཕུགས་འདུན་ཅེས་པའི་ཚན་པར་མཁས་གྲུབ་སྐར་ཆ་ཉི་ཤུ་ཙམ་ལ་ངུ་ཁ་མ་ཆོད་པར་ཁོང་གིས་ཕ་ལགས་ནས་ཁྲིད་སོང་། ༢༠༡༡ལོའི་ཟླ་༦པར། མིག་ལོང་སྐྱིད་ལྷ་ལགས་ནས་བོད་ལྗོངས་སུ་ཆེས་ཐོག་མའི་མིག་ལོང་བྱིས་སྐྱོང་ཁང་དངོས་སུ་ཚུགས། བོད་སྐད་དུ་སྐྱིད་སྐྱིད་ཞེས་པའི་མཚན་བཏགས།

  ང་རང་གིས་དབྱིན་ཇི་དང་རྒྱ་སྐད་སྨྲ་ཤེས་ལ། དཔེ་ཆའང་འབྲི་ཀློག་ཐུབ། 

  ད་ལྟའི་བར་དུ། སྐྱིད་སྐྱིད་བྱིས་སྐྱོང་ཁང་གི་ནོར་སྲིད་ཐ་དག་སྤྱི་ཚོགས་རིམ་པའི་རོགས་དངུལ་ཞལ་འདེབས་ལ་བརྟེན་ཞིང་། ཞལ་འདེབས་ནི་ལས་རིགས་ཐམས་ཅད་ལས་ཆེས་ཐབས་རྡུགས་ཀྱི་གནས་སྐབས་ཞིག་རེད། རྒྱུ་རྐྱེན་ནི་མི་ཆོས་རིང་ལུགས་པ་མང་པོ་ཞིག་གིས་མཐོ་སྒང་གི་གནས་ཚུལ་འདི་དག་དང་གཅེས་སུ་འོས་པའི་བོད་ལྗོངས་ཀྱི་བུ་ཕྲུག་འདི་ཚོ་ངོ་ཤེས་དང་རྒྱུས་ལོན་མེད་པ་རེད།ཅི་ཞིག་ནི་ཁ་མདོག་རེད། སློབ་གྲྭ་འདིར་ད་རུང་མིག་ལོང་མ་ཡིན་པའི་བུ་ཕྲུག་བཞི་ཡོད། ཁོ་ཚོ་ཡུལ་ཤུལ་ས་ཡོམ་བྱུང་བའི་དྭ་ཕྲུག་དང་། ཡན་ལག་རྒྱུན་ལྡན་མིན་པའི་བུ་ཕྲུག་དག་ཁྱིམ་བདག་གིས་འདིར་སྐྱེལ་བ་རེད། སློབ་ཚན་གྲོལ་རྗེས། སྐྱིད་ལྷ་ལགས་ནས་རམ་འདེགས་འོག ལེ་དབར་སྟོང་ཕྲག་གི་ས་ནས་སྐྱེལ་བའི་ཞང་ཞང་འོ་ཇ་འཐུང་བ་དང་། འཐུང་ཚར་བ་དང་ཤོག་ཕོར་སྦྲེལ་ཏེ་ཁ་པར་གཏོང་བ་སོགས་ཀྱི་རྩེད་མོ་ལ་རོལ་འདུག 

  སྐབས་དེར་ཡིག་ཁོའུ་ཕུགས་འདུན་གྱི་དུས་ཚིགས་ཞེས་པའི་ཚོང་བདག་དང་། ཞང་ཞང་འོ་ཇའི་དབུ་ཁྲིད་དང་། སྤྱི་ཕན་རྩ་འཛུགས་ཀྱི་ཁུངས་མིས་སྐྱིད་ལྷ་ལགས་ཀྱི་གཏམ་རྒྱུད་ཐོས་ཤིང་། དུས་ཡུན་ཐུང་ངུར་སྐྱིད་ལྷ་ལགས་ཀྱི་དོན་དངོས་ཟིན་བྲིས་བརྙན་ཕབ་བྱས་པར། སྐྱིད་ལྷ་ལགས་ཀྱི་དགེ་རྒན་སྟེ་༡༠༠༩ལོའི་ཀྲུང་གོའི་སྒུལ་ཤུགས་ཀྱི་མི་སྣ་བཅུའི་ནང་དུ་གདམས་པའི་འཇར་མན་གྱི་མིག་ལོང་ས་པི་རོས་ཡ་ཡིས་ཤེས་ཚོར་བྱུང་།

  འཇར་མན་རྒྱལ་ཁབ་ཀྱི་ཆེས་མཐོའི་གཟེངས་རྟགས་རག་མཁན་ཁོ་མོ་སྟེ། ༢༠༠༠ལོར་བོད་ལྗོངས་སུ་མིག་ལོང་སློབ་གྲྭ་ཐོག་མ་འཛུགས་མཁན་དེ་རེད། མ་ལག་ལྡན་པའི་བོད་ཡིག་ལ་ནང་བྱན་ཆུད་པའི་ས་པི་རོས་ཡ་ལགས་ནས་ཆེས་ཆ་ཚང་བའི་མིག་ལོང་གིས་བེད་སྤྱོད་ཐུབ་པའི་བོད་ཡིག་ཡིག་བཏགས་ཀྱི་རྩིས་འཁོར་གསར་གཏོད་བྱས།

  རྟ་ཞོན་ཐུབ་པ་དང་། རང་ཉིད་ཀྱི་ནུས་པར་བརྟེན་ནས་འཛམ་གླིང་ལ་རྒྱུས་ལོན་ཐུབ་པའི་ས་པོ་རོས་ཡ་ནི་སྐྱིད་ལྷའི་སེམས་ཁོང་གི་ལམ་སྟོན་གྱི་འོད་ཟེར་ཉག་གཅིག་རེད། སྐབས་དེར་རང་ལོ་༡༢ལ་སོན་པའི་སྐྱིད་ལྷ་ལགས་ནི་ཁོ་མོའི་ཆེས་ཐོག་མའི་སློབ་ཕྲུག་གི་གྲས་རེད། སློབ་ཕྲུག་ཚང་མ་དགུང་ལོ་མི་མཉམ་པའི་སློབ་གྲོགས་དྲུག་ཡོད་པ་རེད། འདི་ནི་བོད་ལྗོངས་སུ་ལོ་རྒྱུས་སྟེང་ཐེངས་དང་པོའི་ལོང་བས་དཔེ་དེབ་ཀློག་ཐུབ་པ་བྱུང་པ་རེད།

  རྗེས་མར། སྐྱིད་ལྷ་དང་ཁོ་མོའི་སློབ་གྲོགས་ལ་སློབ་གྲྭའི་རྒྱབ་སྐྱོར་ལ་བརྟེན་ནས། དབྱིན་ཇིའི་མིག་ལོང་སློབ་གྲྭར་ཕྱིན་ནས་ལོ་གཅིག་ལ་དབྱིན་ཇི་སློབ་སྦྱོང་བྱས། ཕྱིར་ལོག་དུས་སྐྱིད་ལྷ་ལགས་ནི་མི་གཞན་པ་ཞིག་དང་འདྲ་བའི་འགྱུར་ལྡོག་ཕྱིན་འདུག མི་ཚོས་ཁོ་མོར། ཁྱེད་རང་ལོང་བ་ཡིན་པས། ཕལ་ཆེར་བླུན་རྨོངས་སུ་འདུག་ཅེས་པར། ཁོ་མོའི་སྤོབས་སེམས་ཆེན་མོས། རེད་དེ། ང་རང་ལོང་བར་གྱུར་ཡང་། འོན་ཏེ། ངས་དབྱིན་ཇི་དང་རྒྱ་སྐད་སྨྲ་ཤེས། རང་ཉིད་ཀྱི་ཡི་གེ་འབྲི་ཀློག་ཐུབ་པ་མ་ཟད། མུན་པའི་ཀློང་ནས་འབྲི་ཀློག་བྱས་པ་ཡིན། ཁྱེད་ཀྱིས་འཇོན་ནམ། ཅེས་དྲི་བ་བཀོད་སྲིད།

  

  བྱིས་སྐྱོང་ཁང་གི་བུ་ཕྲུག་རེ་རེའི་ཚང་མའི་བསམ་བློ་བརྗེས་དགོས་ཤིང་། རང་ཉིད་ཀྱི་ཤེས་དགོས་པ་ཞིག་ནི་ལས་དབང་གིས་དབང་པོ་སྐྱོན་ཅན་འདི་འདྲ་ཆགས་པ་ལས་ལྷ་འདྲེ་ཡིས་བཟོས་པ་མ་རེད། སྐྱིད་ལྷ་ལགས་ཀྱི་ལྟོས་ན། མིག་ལོང་བྱིས་པ་འདི་དག་དང་རྒྱུན་ལྡན་བུ་ཕྲུག་ཚོར་དབྱེ་འབྱེད་མེད་པར་འདོད། ལུས་ཕུང་གི་གནས་ཚུལ་འདི་ལྟར་ཆགས་ཡང་ངེས་པར་དུ་ཆེས་ལེགས་པའི་རང་བྱུང་ལས་རྒྱས་ངེས། ཞེས་བཤད།

  བུ་ཕྲུག་ཚོ་རི་མོའི་སློབ་ཁྲིད་ལ་ཤིན་ཏུ་དགའ་ཞིང་། སྐྱིད་ལྷ་ལགས་ཀྱི་ཕྱག་ཏུ་ཞང་ཞང་རྟགས་ཅན་གྱི་སྣུམ་སྨྱུག་ཞིག་བཟུང་ཞིང་། ཁོ་མོས་བུ་ཕྲུག་ཚོར་དྲི་མ་མི་འདྲ་བའི་ཤིང་ཏོག་རེ་རེ་དང་ཁ་མདོག་མི་མཚུངས་བ་རེ་རེ་ངེས་པར་བྱས་ཤིང་། ཁ་མདོག་ནི་ཅི་ཞིག་རེད། ཅེས་ལག་པ་ཉི་འོད་ལ་རེག་པའི་ཚོར་བ་དང་ཚ་ལུ་མའི་ཁ་མདོག་ཉི་འོད་ཀྱིས་འཐུས་པར་བྱས་ཤིང་། ཞང་ཞང་རྟགས་ཅན་གྱི་འོ་ཇའི་ཤོག་ཕོར་གྱི་ཚོས་གཞི་ཡང་དེ་ལྟར་དྲོད་ཁོལ་ཡོད་པ་བསྟན།

 

  སྐྱིད་ལྷ་ལགས་ནས། ངའི་རེ་བ་ནི་མིག་ལོང་དང་རྒྱུན་ལྡན་བུ་ཕྲུག་ཚོ་རྟག་པར་མཉམ་འབྲེལ་གྱི་འཚོ་བ་རོལ་བ་དང་། ཕན་ཚུན་ལ་རྒྱུས་ལོན་བྱུང་ན་ཡག་པོ་རེད།ཅེས་བཤད།   བརྙན་ཕབ་ཀྱི་ཉིན་དེར། སྐྱིད་སྐྱིད་བྱིས་སྐྱོང་ཁང་དུ་དབྱིན་ཇིའི་སློབ་ཚན་ཅིག་རེད། སྐྱིད་ལྷ་ལགས་ནས་སློབ་ཕྲུག་ཚོར། རང་ཉིད་ཆུང་དུས་སུ་མིག་ལོང་བྱིས་སྐྱོང་ཁང་ཞིག་འཛུགས་པའི་ཕུགས་འདུན་ཡོད་པ་དང་། ད་ལྟ་ཚུགས་ཟིན་པའི་ཁྱེད་ཅག་གི་ཕུགས་བསམ་གང་ཞིག་ཡིན། ཞེས་སྐད་ཆ་དྲིས།

  སློབ་ཕྲུག་ཚོས་རང་རང་གིས་ཕུགས་མདུན་སྨྲོས་པ་དང་། མིག་ལོང་བཀྲ་ཤིས་ཕུན་ཚོགས་ཀྱིས་རྗེས་མར་མོ་ཊའི་ཁ་ལོ་བ་བྱེད་རྩིས་ཡོད། ཅེས་ལབ་སོང་།

  སྐྱིད་ལྷ་ལགས་ཀྱི་དྲན་ངོགས་སུ། ཁོ་མོ་རང་ལོ་༡༢ཡི་སྔོན་དུ་ཕ་མ་ཟུང་གིས་རང་ཁྱིམ་དུ་བཅུག་སྟེ། རང་ཉིད་གཅིག་པུ་ཕྱི་ལོགས་ཀྱི་བུ་ཕྲུག་ཚོ་དང་ལྷན་དགའ་སྤྲོའི་རྩེད་འཇོར་རོལ་བའི་གོ་སྐབས་དང་བྲལ་ཞིང་། གྱང་ལྡེབས་སུ་ཉན་དུས་དགའ་སྐྱོ་ཆགས་སྡང་གི་རྣམ་པ་ཡོད་ཚད་ཚོར་ཐུབ། འོན་ཏེ། དེང་སྐབས་རང་ཉིད་ཀྱི་ཕུགས་འདུན་ཡོངས་སུ་ལེགས་གྲུབ་ཐུབ་པ་བྱུང་། Dream is the most beautiful thing in the world སྐྱིད་ལྷ་ལགས་ནས་ཐེངས་མང་པོར་དབྱིན་ཇི་འདི་བསླབ་ཞིང་། འདི་འཇིག་རྟེན་གྱི་ཆེས་མཚར་སྡུག་ལྡན་པའི་དོན་རྐྱེན་ཞིག་རེད། དེང་སྐབས་སློབ་གྲྭ་ཚུགས་པ་དང་ཁོ་མོས་ད་རུང་བོད་ལྗོངས་ལས་གཞན་ས་ཆ་གང་སར་མིག་ལོང་སློབ་གྲྭ་འཛུགས་པར་འདོད། 

  

  བོད་ལྗོངས་མིག་ལོང་སྐྱིད་ལྷ་ལགས་ནས་སྤྱི་ཕན་མིག་ལོང་བྱིས་སྐྱོང་ཁང་བཙུགས་པ་རེད། ༢༠༡༡ལོའི་ཟླ་༦པར།མིག་ལོང་སྐྱིད་ལྷ་ལགས་ནས་བོད་ལྗོངས་སུ་ཐེངས་དང་པོའི་བྱིས་སྐྱོང་ཁང་བཙུགས་པ་དང་། བོད་སྐད་ཀྱི་མཚན་བྱང་ལ་སྐྱིད་སྐྱིད་ཞེས་བཏགས་པ་རེད། བྱིས་སྐྱོང་ཁང་གི་བུ་ཕྲུག་རེ་རེའི་ཚང་མའི་བསམ་བློ་བརྗེས་དགོས་ཤིང་། རང་ཉིད་ཀྱི་ཤེས་དགོས་པ་ཞིག་ནི་ལས་དབང་གིས་དབང་པོ་སྐྱོན་ཅན་འདི་འདྲ་ཆགས་པ་ལས་ལྷ་འདྲེ་ཡིས་བཟོས་པ་མ་རེད། ཅེས་བཤད། 

 

<