གཅེས་སེམས་མི་སྣ་ལི་ལོ་ཁྲེན་གྱིས་མངའ་རིས་ས་ཁུལ་ཁུང་ཧྥན་སན་སློབ་ཆུང་གི་སློབ་མར་རོགས་སྐྱོར་བྱས་པ།

2016-09-30
0

  ཉེ་དུས་མངའ་རིས་ས་ཁུལ་གྱིས་ཁུང་ཧྥན་སན་སློབ་ཆུང་དུ་ལི་ལོ་ཁྲེན་གྱི་གཅེས་སེམས་ཐེབས་རྩའི་མ་དངུལ་སྤྲོད་པའི་མཛད་སྒོ་འཚོགས་ནས།  དབུལ་ཕོངས་སློབ་མར་སློབ་དངུལ་རོགས་སྐྱོར་སྒོར་ཆིག་སྟོང་རེ་སྤྲད་པ་མ་ཟད་དཔེ་ཁུག་དང་ཡིག་ཆས།  འབྲི་དེབ་སོགས་སློབ་སྦྱོང་ཡོ་ཆས་ཀྱང་སྤྲད་ཡོད་པ་རེད།    

  ཐེབས་རྩ་དེ་ནི་ཧོ་པེ་ཁང་རོན་སྨན་རྫས་ཀུང་སིའི་དབུ་འཛིན་ལི་ལོ་ཁྲེན་གྱིས་ཞལ་འདེབས་བརྒྱབ་ནས་བཙུགས་པ་ཞིག་ཡིན་པ་དང༌།  དེའི་དམིགས་ཡུལ་ནི་ཀུན་སྤྱོད་བཟང་པོ་དར་སྤེལ་དང་མཐའ་མཚམས་ས་ཁུལ་གྱི་སྤྱོད་ཡོན་གཉིས་ལྡན་གྱི་དབུལ་ཕོངས་སློབ་མར་རོགས་སྐྱོར་བྱས་ནས་སློབ་གྲྭ་བདེ་བླག་ངང་འགྲིམ་ཐུབ་ཆེད་ཡིན་པ་རེད།  ཐེབས་རྩ་དེའི་དབུལ་སྐྱོར་བྱེད་ཡུལ་གཙོ་བོ་ནི་མངའ་རིས་ས་ཁུལ་གྱི་ཁུང་ཧྥན་སན་སློབ་ཆུང་གི་དབུལ་ཕོངས་སློབ་མ་ཡིན་པ་རེད།།   

  • 顶 0