ལོ་ཙཱ་བ་ཆེན་མོ་བློ་བཟང་ཆོས་འཕགས།

2018-08-29
0

 

   ལོ་ཙཱ་བ་བློ་བཟང་ཆོས་འཕགས་མཆོག་ནི་བོད་རྒྱ་ཡིག་རིགས་གཉིས་ལ་བྱང་ཆུབ་ཅིང་རྒྱ་བོད་གཉིས་ཀྱི་ཆོས་ལ་ཤིན་ཏུ་མཁས་པ་ཞིག་དང་། བོད་ཀྱི་རིག་གནས་རྒྱ་ནག་ཏུ་ངོ་སྤྲོད་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་པ་མ་ཟད། རྗེ་བླ་མའི་གསུང་མང་བོ་རྒྱ་ཡིག་ཏུ་སྒྱུར་མཁན་དང་། 《བྱེ་བྲག་བཤད་མཚོ་ཆེན་མོ》དང《ཡེ་ཤེས་ལ་འཇུག་པ》ཞེས་པའི་ཐེག་དམན་གྱི་གཞུང་ཆེན་པོ་དེ་དག་བོད་ཡིག་ལ་བསྒྱུར་བའི་ལོ་ཙཱ་བ་ཆེན་མོ་ཞིག་ཡིན། 

   ངོ་སྤྲོད།

  ལོ་ཙཱ་བ་བློ་བཟང་ཆོས་འཕགས་མཆོག་ནི་བོད་རྒྱ་ཡིག་རིགས་གཉིས་ལ་བྱང་ཆུབ་ཅིང་རྒྱ་བོད་གཉིས་ཀྱི་ཆོས་ལ་ཤིན་ཏུ་མཁས་པ་ཞིག་དང་།  བོད་ཀྱི་རིག་གནས་རྒྱ་ནག་ཏུ་ངོ་སྤྲོད་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་པ་མ་ཟད།  རྗེ་བླ་མའི་གསུང་མང་བོ་རྒྱ་ཡིག་ཏུ་སྒྱུར་མཁན་དང་།  《བྱེ་བྲག་བཤད་མཚོ་ཆེན་མོ》དང《ཡེ་ཤེས་ལ་འཇུག་པ》ཞེས་པའི་ཐེག་དམན་གྱི་གཞུང་ཆེན་པོ་དེ་དག་བོད་ཡིག་ལ་བསྒྱུར་བའི་ལོ་ཙཱ་བ་ཆེན་མོ་ཞིག་ཡིན།

  ཁོང་ནི་སྤྱི་ལོ1902ལོའི་ཟླ12པའི་ཚེས14ཉིན་ཧོ་པེ་ཞིང་ཆེན་གྱི་ཧྲིན་ཞན་ནན་ཀྲིག་པོ་སྡེ་བར(河北深县南周堡村)འཁྲུངས། དགུང་ལོ་ཉི་ཤུ་བར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གདན་ས་རི་བོ་རྩེ་ལྔའི་ཐུབ་བསྟན་ཀུན་ཁྱབ་གླིང་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། མཚན་ལ་ཧྥ་ཙུང(法尊 )ཞེས་གསོལ།  དགོན་པ་འདིར་ལོ་གཅིག་ལ་ཉིན་མོར་ངལ་རྩོལ་དང་མཚན་མོ་ཆོས་སྤྱོད་དང་དཔེ་གཟིགས་ལ་བརྩོན་པ་བསྟེན། མཁན་པོ་ཏ་ཡུན(大勇法师 )གྱི་དྲུང་ནས《སྐྱེས་བུ་ཆེན་པོ་རྟོགས་པར་བྱ་བའི་ཆོས་རྣམ་པ་བརྒྱད》དང་།(《八大入觉经》)《མྱང་འདས་ཆེ་ཆུང་གི་འགྲེལ་བ་གཉིས》(佛遗教经)གསན། ལོ་མཇུག་པེ་ཅིང་དུ་ཕེབས། སྐབས་དེར་པེ་ཅིན་ནང་བསྟན་ལས་རིགས་ཀྱིས་སློབ་དཔོན་ཐེ་ཞི(太虚法师 )ཧྥ་ཡོན་དགོན་(法源寺 )དུ་གདན་དྲངས་ནས《དམ་ཆོས་པད་མ་དཀར་བོ》ཁྲིད་པའི་སྐབས་ཡིན་པས་ཁོང་གིས་སློབ་དཔོན་དེའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་དམ་པའི་ཆོས་གང་མང་གསན།

  སྤྱི་ལོ1921ལོའི་དགུན་ཁར་ནན་ཅིན་གྱི་རི་བོ་པོད་ཧྭའི་ལོང་ཁྲང་ལི་དགོན་པར(南京宝华山隆昌律寺)ཕེབས་ཏེ་འདུལ་བར་སྦྱངས་ཤིང་། སྤྱི་ལོ1922ལོར་གནམ་སྟེགས་པའི་གསུང་རབ་ལ་སློབ་གཉེར་བྱས། དགུན་ཁར་བོའུ་ཁྲང་ནང་བསྟན་སློབ་གླིང་དུ(武昌佛学院)ཞུགས་ནས་ལོ་བཞི་ལ《མངོན་པ་མཛོད》དང་། ཚད་མ། 《ནང་བསྟན་ལོ་རྒྱུས།》 《དགོངས་པ་ངེས་པར་འགྲེལ་བ》  (解深密经)《ཤེར་ཕྱིན་འཇམ་དཔལ་བསྟན་པ》 (文殊般若)《སེམས་ཙམ་དུ་གྲུབ་པ་བམ་པོ་བཅུ་བ》  (成唯识论)བཅས་ལ་བརྩོན་པ་རྒྱ་ཆེར་བསྟེན།  ཁོང་གིས་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་ལ་སྦྱངས་པ་ཆེན་པོ་བྱས་པས་རྒྱ་བོད་ཡིག་རིགས་གཉིས་ཀར་བྱང་བའི་ལོ་ཙཱ་བ་ཆེན་མོ་ཞིག་ཏུ་གྱུར།

  སྤྱི་ལོ1924ལོར་ནང་བསྟན་སློབ་གླིང་དེ་ལས་མཐར་ཕྱིན་རྗེས་ཕྱིར་པེ་ཅིན་ལ་ཕེབས་ནས་མཁན་པོ་ཏ་ཡུང་གིས་བཙུགས་པའི་བོད་ཡིག་སློབ་གླིང་དུ་ཞུགས་ནས་བོད་ཡིག་སྦྱངས་ཏེ་དགེ་ལུགས་པའི་བསྟན་པ་རྒྱ་ནང་ལ་སྤེལ་བའི་བགྱི་བ་དང་དུ་བླངས།

  ཁོང་གིས《སྡེ་བདུན་ལ་འཇུག་པའི་སྒོ》དང་།  《མངོན་རྟོགས་རྒྱན་གྱི་འགྲེལ་བ》   《དྲང་ངེས་ལེགས་བཤད་སྙིང་བོ》སོགས་ལ་སྦྱངས་ཤིང་ཞོར་དུ་ཁོང་གི《རྟེན་འབྲེལ་བསྟོད་པ》དང《རྟེན་འབྲེལ་བསྟོད་པའི་འགྲེལ་བ》 《ཇོ་བོའི་རྣམ་ཐར》   《རྗེའི་རྣམ་ཐར》ལས་ཐོར་བུ་སྐོར་ཞིག་ཚོད་ལྟའི་ཚུལ་དུ་རྒྱ་ཡིག་ཏུ་བསྒྱུར་ནས《མཚོའི་རླབས་སྒྲ》(《海潮音》)ཞེས་པའི་དེབ་ཏུ་སྤེལ།

  དར་རྩེ་མདོ་དང་།  ཆབ་མདོ་སོགས་སུ་དགའ་ལྡན་ཁྲི་བ་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་སུམ་རྟགས་དག་གསུམ་དང་།  མངོན་བརྗོད།  དག་ཡིག《བསླབ་བྱ་གནམ་རྩེད་ལྡེང་མ》   《བྱང་ཆུབ་སེམས་པའི་སྡོམ་པ》《ལམ་རིམ་བསྡུས་དོན》སོགས་དམ་པའི་ཆོས་དང་རིག་གནས་གང་མང་ལ་སྦྱངས་ཤིང་བོད་ཀྱི་གསུང་རབ་མཐའ་ཡས་ཤིང་རིན་ཐང་བྲལ་བ་དེ་དག་མཐོང་ནས་སྤྲོ་བ་ཆེན་པོ་སྐྱེས།

  ཁོང་གིས་དམ་པའི་ཆོས་ལ་སྦྱོང་བའི་ཞོར་དུ《བྱང་ཆུབ་ལམ་རིམ་ཆེན་མོ》དང་། 《སྔགས་རིམ་ཆེན་མོ》 《བྱང་ཆུབ་གཞུང་ལམ》 《དྲང་ངེས་ལེགས་བཤད་སྙིང་བོ》དང་། 《དྲང་ངེས་ལེགས་བཤད་སྙིང་བོའི་དཀའ་འགྲེལ》བཅས་རྒྱ་ཡིག་ཏུ་བསྒྱུར་བའི་དབུ་བརྩམས།

  སྤྱི་ལོ1933ལོར་སློབ་དཔོན་ཐེ་ཞིས་གནང་བའི་འཕྲིན་འགའ་བསྟུད་མར་འབྱོར་ཅིང་ཕྱིར་ཕེབས་ནས་རྒྱ་བོད་སློབ་གཉེར་གླིང་འཛུགས་པའི་སྐུལ་མ་གནང་བ་བཞིན་བལ་བོ་དང་རྒྱ་གར་བརྒྱུད་ནས་ཧྲང་ཧེ་ལ་ཕེབས། སློབ་དཔོན་ཐེ་ཞི་ལ་མཇལ་ནས་པེ་ཅིན་ལ་ཕེབས་ཏེ་ལོ་ཙཱའི་བྱ་བར་ཞུགས།

  ཁོང་གིས་སློབ་གཉེར་མཛད་ཞོར་དུ《ས་ལམ་རྣམ་གཞག》དང་། 《མངོན་རྟོགས་རྒྱན་གྱི་འགྲེལ་བ》 《སྔགས་རིམ་ཆེན་མོའི》སྨད་ཆ 《དགེ་སློང་གི་བསླབ་བྱ》 《བླ་མ་མཆོད་པ་བདེ་སྟོང་དབྱེར་མེད》 《རྣམ་བཤད་དགོངས་པ་རབ་གསལ》《ལམ་རིམ་བསྡུས་དོན》 《བྱང་ཆུབ་ལམ་རིམ་ཆེན་མོའི》ཞི་ལྷག་གི་སྐོར། 《ཆོས་ཉིད་རྣམ་འབྱེད》 《སྟོང་ཉིད་བདུན་ཅུ་བ》 《ཞིབ་མོ་རྣམ་འཐག》  《བྱང་ཆུབ་སེམས་དཔའི་བློ་སྦྱོང་དོན་བདུན་མ》 《རྟེན་འབྲེལ་བསྟོད་པའི་འགྲེལ་བ》བཅས་བསྒྱུར་ཅིང་། 《བོད་ཡིག་གི་ཐོག་མའི་འཇུག་སྒོ》བཅས་བརྩམས་ཤིང་དུས་དེབ་མང་བོའི་སྟེང་དུ་ཕྱག་རྩོམ་གང་མང་གནང་།

  སྤྱི་ལོ1950ལོའི་སྟོན་ཁར་པེ་ཅིན་དུ་ཕེབས་ནས་བྱང་ཆུབ་ཆོས་ཚོགས་ཀྱི་དབུ་འཛིན་གནང་ནས་ལོ་ཙཱར་གཞོལ། སྤྱི་ལོ1953ལོར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གནང་།

  སྤྱི་ལོ1955ལོར་ཁོང་གིས་ཤེས་བྱ་ཀུན་བཏུས་ཆེན་མོར་ཕྱག་རྩོམ་གནང་ཞིང་། སྤྱི་ལོ1956ལོར་ཞོར་དུ་ཀྲུང་གོའི་ནང་བསྟན་སློབ་གླིང་གི་སློབ་གཙོ་གཞོན་པའི་འགན་འཁུར།  སྐབས་དེར་ཁོང་གི་ཕྱག་རྩོམ་གང་མང་ཞིག་དེང་གི་ནང་བསྟན་ཞེས་པའི་དུས་དེབ་ཏུ་སྤེལ། ཕྱག་རྩོམ་སྐོར་ཞིག་པར་དུ་བསྐྲུན་མ་ཐུབ་པས་བོར་སྟོར་བྱུང་།  དེ་ལས《རིན་པོ་ཆེ་སྣ་བདུན་གྱི་རྣམ་བཤད》  (《七宝论》)སོགས་ཡོད་པར་བཤད། ལྷག་པར་ཁོང་གིས《དགེ་བཤེས་ཆོས་གྲགས་ཀྱི་བརྡ་དག་མིང་ཚིག་གསལ་བ》རྒྱ་ཡིག་ཏུ་བསྒྱུར་བ་མི་རིགས་དཔེ་སྐྲུན་ཁང་གིས་བོད་རྒྱ་ཤན་སྦྱར་དུ་བསྐྲུན།

  སྤྱི་ལོ1978ལོར《བྱང་ཆུབ་ལམ་གྱི་སྒྲོན་མ》བསྒྱུར་ཅིང་ཁོང་སྐུ་མ་གཤེགས་པའི་ལོ་གཉིས་དང་ཕྱེད་ཀའི་རིང་ལ་བསྙུང་གཞི་བཞེས་ནའང《ཚད་མ་རྣམ་འགྲེལ》དང《རྣམ་འགྲེལ་གྱི་རང་འགྲེལ》《ཚད་མ་ཀུན་བཏུས》གསུམ་བསྒྱུར།

  སྤྱི་ལོ1980ལོའི་ཟླ12ཚེས15ཉིན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་འདུ་པེ་ཅིན་དུ་འཚོགས། དགེ་སློང་ཉིས་ཁྲི་ལྷག་གིས་ཁོང་ལ་མཇལ་ཞིང་ཚོགས་མགོ་རྩོམ་པའི་ཉིན་མོར་པེ་ཅིན་གྱི་ཐེ་ཡོན་དགོན་པར་སྐུ་གཤེགས། ཁོང་གི་སྐུ་གདུང་མཆོད་རྟེན་རི་བོ་རྩེ་ལྔའི་ཀུན་ཁྱབ་གླིང་དུ་བཞུགས།

    བརྩམས་ཆོས།

   བོད་འགྱུར་མ། 

  《ཡེ་ཤེས་ལ་འཇུག་པ》 《阿毗达摩发智论》 《བྱེ་བྲག་བཤད་པ་ཆེན་མོ》 《大毗婆沙论》 《མི་དམངས་དམངས་གཙོའི་སྲིད་གཞུང》 《论人民民主专政》 《དམངས་གཙོ་གསར་བའི་རྣམ་བཤད》 《新民主主义论》 《སྤྱི་ཚོགས་འཕེལ་བའི་ལོ་རྒྱུས》 《社会发展史》 《གསར་བརྗེ་ལས་བྱེད་པའི་ཀློག་དེབ》 《革命干部读本》

    རྒྱ་འགྱུར་མ།

  《རྟེན་འབྲེལ་བསྟོད་པ》《缘起赞》 《རྟེན་འབྲེལ་བསྟོད་པའི་འགྲེལ་བ》《缘起赞释》 《ཇོ་བོའི་རྣམ་ཐར》《阿底峡尊者传》《རྗེའི་རྣམ་ཐར་བསྡུས་པ》  《宗喀巴大师略传》 《བྱང་ཆུབ་ལམ་རིམ་ཆེན་མོ》 《菩提道次第广论》 《སྔགས་རིམ་ཆེན་མོ》 《密宗道次第广论》 《བྱང་ཆུབ་གཞུང་ལམ》 《菩萨戒品释》 《དྲང་ངེས་ལེགས་བཤད་སྙིང་བོ》 《辨了不了义善说藏论》 《དྲང་ངེས་ལེགས་བཤད་སྙིང་བོའི་དཀའ་འགྲེལ》 《辨了不了义论释难》《ས་ལམ་རྣམ་གཞག》《地道建立》 《དགེ་སློང་གི་བསླབ་བྱ》 《必刍学处》 《བླ་མ་མཆོད་པ་བདེ་སྟོང་དབྱེར་མེད》 《供养上师与大印合修》《རྣམ་བཤད་དགོངས་པ་རབ་གསལ》 《入中论善显密意疏》 《ལམ་རིམ་བསྡུས་དོན》《菩提道次第摄颂》 《ལམ་རིམ་ཆུང་བའི་ཞི་ལྷག》《菩提道次第略论止观》 《སྟོང་ཉིད་བདུན་ཅུ་བ》 《七十空性论》 《ཞིབ་མོ་རྣམ་འཐག》《精研经释》 《རྩོད་ཟློག》《辨法法性论》 《བྱང་ཆུབ་སེམས་དཔའི་བློ་སྦྱོང་དོན་བདུན་མ》《修菩提心七义论》 《དགེ་བཤེས་ཆོས་གྲགས་ཀྱི་བརྡ་དག་མིང་ཚིག་གསལ་བ》 《格西曲扎藏文字典》 《ཚད་མ་རྣམ་འགྲེལ》《释量论》《ཚད་མ་ཀུན་བཏུས》 《集量论》 《བྱང་ཆུབ་ལམ་གྱི་སྒྲོན་མ》《菩提道炬论》 《ལམ་རིམ་གསལ་སྒྲོན》 《胜集密教王五次第善显炬论》《རིན་པོ་ཆེ་སྣ་བདུན་གྱི་རྣམ་བཤད》《七宝论》 《བཞི་བརྒྱ་བའི་ཚིག་ལེའུ་ཕྱེ་བ》《四百论颂》 《དབུ་མ་ལ་འཇུག་པའི་རང་འགྲེལ》 《入中论自释》《མངོན་པ་མཛོད་ཀྱི་འགྲེལ་བ》《俱舍论略解》 《དེང་གི་བོད་ལྗོངས》《现代西藏》 《བདག་སོང་བའི་བོད》 《我去过的西藏》 《བོད་ལྗོངས་མི་རིགས་ཀྱི་ཆོས་སྲིད་ལོ་རྒྱུས》 《西藏民族政教史》 《བོད་ཡིག་གི་ཐོག་མའི་འཇུག་སྒོ》 《藏文读本初稿》  《བོད་ཀྱི་གསང་སྔགས་ཀྱི་དཔྱད་ལན》 《评藏密答问》《〈བོད་ཀྱི་གསང་སྔགས་ཀྱི་ལན་གྱི་དཔྱད་བརྗོད་ཀྱི་ཟིན་ཐོའི〉ལན》《答〈评藏密答问随笔〉》 《ཨོ་དབྱང་ཅན་གྱི་ཆོས་ཀྱི་མཚན་ཉིད་ཀྱི་ཚིག་མཛོད་ལ་དགག་པ》《驳欧阳渐法相辞典叙》 《ཨོ་དབྱངས་ཅན་གྱི་ཀུན་བཏགས་ཀྱི་རྟོག་པ་ལ་དགག་པ》《驳欧阳渐辨虚妄分别》 《བེ་ཡོན་ནང་བསྟན་ཁང་གི་དགག་ཡིག་གི་ལན》 《答威远佛学社驳文》 《བོད་ཀྱི་བསྟན་པའི་འཕེལ་འགྲིབ་ལས་རྒྱ་ནག་གི་སྤེལ་ཚུལ་གླེང་བ》 《从西藏佛教兴衰的演变说到中国佛教之建设》《བོད་ཀྱི་ནང་བའི་བསྟན་པ་སྤེལ་ཚུལ》 《西藏佛教的建设》 《〈མཁན་པོ་ཐེ་ཞིའི་ནང་བསྟན་གསར་བརྗེའི་ཕམ་ཁའི་རྗེས་སུ〉བཀླགས་པ》 《读太虚大师佛教革命失败史之后》 《ཨོ་དབྱང་ཅན་གྱི་ཆོས་ཀྱི་མཚན་ཉིད་ཀྱི་ཚིག་མཛོད་ལ་དགག་པ》 《驳欧阳渐法相辞典叙》 《ཨོ་དབྱངས་ཅན་གྱི་ཀུན་བཏགས་ཀྱི་རྟོག་པ་ལ་དགག་པ》《驳欧阳渐辨虚妄分别》  《ཏིང་འཛིན་མདོ་ཙམ་བརྗོད་པ》 《略谈定学》  《རྗེ་ཙོང་ཁ་བ་ཆེན་མོས་བརྩམས་པའི〈ལམ་རིམ་ཆེན་མོ〉》 《宗喀巴大师的〈菩提道次第论〉》 《〈ཤེར་ཕྱིན་སྟོང་ཕྲག་བརྒྱ་བ〉དང〈མངོན་རྟོགས་རྒྱན〉གཉིས་བསྡུར་བ》 《〈般若八千颂〉与〈现观庄严论〉对照科目》 《ཤེར་ཕྱིན་ལས་འགྲེས་རྐང་བརྒྱ་རྩ་ངོ་སྤྲོད》 《〈大般若经〉中一百零八句法简介》 《སློབ་དཔོན་ཀླུ་སྒྲུབ་ཀྱིས་བརྩམས་པའི་དབུ་མ་རིགས་ཚོགས་དྲུག》《龙树菩萨的六部论》 《ཀན་སུའུ་དགའ་ལྡན་ཆོས་འཁོར་གླིང་གི་གཞུང་བཀའ་པོད་ལྔའི་རྩོད་ཡིག》 《甘肃嘎登协主却稞寺学习五部大论的课程》 《སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་ལས་གསལ་རིག་གི་ཁྱད་པར་མདོ་ཙམ་བརྗོད་པ》 《法称因明学中"心明"差别略说》 《རྣམ་འགྲེལ་གྱི་འགྲེལ་བ》 《释量论略解》 《མངོན་རྟོགས་རྒྱན་གྱི་འགྲེལ་བ》 《现观庄严论略释》

  དཔྱད་གཞིའི་ཡིག་ཆ།

  • 顶 0