མི་ཉག་འདྲ་པ་བའི་ཨ་འགྲོགས་གཉེན་སྲོལ།

2018-08-28
0

  

   འདྲ་པ་བ་ཡི་ཨ་འགྲོགས་གཉེན་སྲོལ་ནི་དེ་འདྲ་ཅི་བསམ་གང་དྲན་མ་ཡིན་པར་མི་རབས་གསུམ་གྱི་གཉེན་ཉེའི་འབྲེལ་བ་ཡོད་མེད་ལ་བལྟ་དགོས། དེ་ནས་བུ་མོ་ལའང་དགའ་ཡ་བསྒྲིག་པའི་མོས་པ་ཡོད་རྗེས་གཞི་ནས་བུ་མོ་ཚང་གི་ཁང་པའི་རྩིག་པར་འཛེག་ཆོག དེ་ཡང་འདྲ་པ་བ་རྣམས་ཉིན་མོར་མཉམ་དུ་འཛོམས་དུས་གལ་སྲིད་བུ་ཞིག་བུ་མོ་ཞིག་ལ་དགའ་ན་དེའི་ལུས་ལ་ཡོད་པའི་ཨ་ལུང་ལྟ་བུ་དངོས་པོ་ཆུང་ཆུང་ཞིག་འཕྲོག གལ་སྲིད་བུ་མོ་དེས་བུ་ཡི་ལག་ནང་ནས་དངོས་པོ་ཕྱིར་མ་འཕྲོག་ན་མོ་ལའང་དགའ་ཡ་བསྒྲིག་པའི་འདོད་པ་ཡོད་པའི་རྟགས་ཡིན་ལ་བུ་དེ་ལ་མོ་རང་གི་ཉལ་ཁང་དང་བཅས་པ་གསལ་པོར་བཤད་པའང་ཡོད། 

   ​ངོ་སྤྲོད།

 

  འདྲ་པ་བ་ཡི་ཁྱིམ་ཚང་ནི་མི་ཉག་བ་གཞན་དག་དང་ཁྱད་པར་ཆེན་པོ་ཡོད་དེ་མང་ཆེ་ཤོས་ནི་མ་རྒྱུད་ཀྱིས་བཟུང་ཡོད། བུད་མེད་རྣམས་ནི་ཁྱིམ་ཚང་གི་སྲོལ་སྙིང་ལྟ་བུ་ཡིན་ལ་བུ་རྒྱུད་གསོ་བའི་ལས་འགན་ཆེན་མོ་འཁུར་དགོས། སྐྱེས་པ་རྣམས་ནི་རང་གི་མིང་སྲིང་ཚོའི་བུ་དང་བུ་མོ་གསོ་མཁན་ཙམ་ལས་རང་གི་དགའ་ཡའི་ཁྱིམ་ཚང་ལ་འགན་ཅི་ཡང་ཁུར་མི་དགོས། དེ་ནི་མ་རྒྱུད་སྤྱི་ཚོགས་ཀྱི་རིག་གནས་ཀྱི་རྟགས་མཚན་མངོན་གསལ་དོད་པོ་ཞིག་ཡིན། ཡིན་ཡང་འདྲ་པ་བ་ཡི་ཨ་འགྲོགས་གཉེན་སྲོལ་ནི་དེ་འདྲ་ཅི་བསམ་གང་དྲན་མ་ཡིན་པར་མི་རབས་གསུམ་གྱི་གཉེན་ཉེའི་འབྲེལ་བ་ཡོད་མེད་ལ་བལྟ་དགོས། དེ་ནས་བུ་མོ་ལའང་དགའ་ཡ་བསྒྲིག་པའི་མོས་པ་ཡོད་རྗེས་གཞི་ནས་བུ་མོ་ཚང་གི་ཁང་པའི་རྩིག་པར་འཛེག་ཆོག དེ་ཡང་འདྲ་པ་བ་རྣམས་ཉིན་མོར་མཉམ་དུ་འཛོམས་དུས་གལ་སྲིད་བུ་ཞིག་བུ་མོ་ཞིག་ལ་དགའ་ན་དེའི་ལུས་ལ་ཡོད་པའི་ཨ་ལུང་ལྟ་བུ་དངོས་པོ་ཆུང་ཆུང་ཞིག་འཕྲོག གལ་སྲིད་བུ་མོ་དེས་བུ་ཡི་ལག་ནང་ནས་དངོས་པོ་ཕྱིར་མ་འཕྲོག་ན་མོ་ལའང་དགའ་ཡ་བསྒྲིག་པའི་འདོད་པ་ཡོད་པའི་རྟགས་ཡིན་ལ་བུ་དེ་ལ་མོ་རང་གི་ཉལ་ཁང་དང་བཅས་པ་གསལ་པོར་བཤད་པའང་ཡོད། སྤྱིར་བཏང་དུ་བཤད་ན་འདྲ་པ་བ་ཡིས་ཕན་ཚུན་དགའ་ཡ་སྒྲིག་པའི་རིང་ལ་སྐྱེས་པ་བུད་མེད་གཞན་གྱི་ཁྱིམ་ཚང་གི་ཁང་རྩིག་ལ་མི་འཛེགས་ལ་བུད་མེད་ཀྱིས་ཀྱང་སྐྱེས་པ་གཞན་དག་འོངས་བཅུག་མི་སྲིད། འོན་ཀྱང་། མི་འགའ་ལ་དུས་ཐུང་ནང་དུ་ཨ་འགྲོགས་སྒྲིག་ཡུལ་མང་ཙམ་ཡོད་མོད་དེ་དག་ནི་ཡོངས་ཁྱབ་མ་ཡིན་པར་བརྩེ་དུང་བརྟན་པོར་ཆགས་མེད་པའི་ལོ་ཆུང་ན་གཞོན་གྱི་གྲས་རེད།

 

  དོན་དུ་འདྲ་པ་བ་ཡི་ཨ་འགྲོགས་གཉེན་སྲོལ་ནི་ཐོན་ཁུངས་དང་རྒྱུ་ནོར་གསོ་འཇོག་བྱས་ཏེ་ཁྱིམ་ཚང་ཆེན་པོ་ཞིག་གཏན་འཇགས་སུ་གནས་ཐུབ་པ་ལས་ས་ཞིང་བགོ་བཤའ་དང་ཁང་ལས་མང་པོ་བྱེད་མི་དགོས་པའི་ནུས་པ་ཡོད་ཞིག་ལགས།

  • 顶 0