འཛམ་གླིང་གི་ངོ་མཚར་བའི་གཉེན་སྒྲིག་གོམས་སྲོལ་འགའ།

2017-05-03
0

གཉེན་སྒྲིག་ནི་རང་ཉིད་ཀྱི་སྙིང་ཉེ་བའི་དགའ་རོགས་དང་འཇིག་རྟེན་མི་ཆོས་ཀྱི་ལུགས་ལྟར་ཚེ་གང་གི་སྐྱིད་སྡུག་མཉམ་དུ་མྱོང་བའི་དམ་བཅའ་འཇོག་པའི་ལུགས་སྲོལ་ཞིག་ཡིན་མོད། ཡིན་ནའང་སྲིད་པའི་འཇིག་རྟེན་ཁམས་འདིར་ཡ་མཚན་ཞིང་ཧང་སངས་པའི་གནས་ཚུལ་མང་པོ་ཞིག་འདུག་པས། གཉེན་སྒྲིག་གི་ལུགས་སྲོལ་ཡང་དེ་ལས་མ་འདས།

༡.པོར་ཎེའོ་གླིང་གི་གོམས་སྲོལ། 

ཧིན་རྡུ་ཉི་ཞི་ཡའི་པོར་ཎེའོ་གླིང་གི་གཉེན་སྒྲིག་གོམས་སྲོལ་ནི་མི་ལ་སྡུག་པོ་གཏོང་བ་ལྟར་དུ་སྣང་སྟེ། གཉེན་སྒྲིག་བྱས་པའི་ཁྱོ་ཤུག་གཉིས་གཉེན་སྒྲིག་བྱས་ཚར་རྗེས་ཀྱི་ཉིན་གསུམ་ནང་གསང་སྤྱོད་དུ་འགྲོ་མི་ཆོག་ལ། སྒོ་ཕྱིར་ཡང་སོང་མི་ཆོག ༢.སུའེ་ཏེན་གྱི་གོམས་སྲོལ། 

 

སུའེ་ཏེན་དུ་གཉེན་སྒྲིག་བྱེད་སྐབས། གཉེན་སྟོན་ལ་ཞུགས་པའི་མགྲོན་པོའི་ངོས་ནས་དགའ་འོས་པ་ཞིག་ཡིན་ཏེ། གལ་སྲིད་བག་གསར་དང་བག་མ་གཉེན་སྒྲིག་བྱེད་པའི་སྐབས་སུ་རྟེན་འབྲེལ་སྟེགས་བུ་ནས་བྲལ་ཏེ་གསང་སྤྱོད་སོགས་ལ་ཕྱིན་ན། སྐུ་མགྲོན་སྐྱེས་པ་རྣམས་ཀྱིས་བག་མར་འོ་བྱེད་ཆོག་ལ། སྐུ་མགྲོན་བུད་མེད་རྣམས་ཀྱིས་བག་གསར་འོ་བྱེད་ཆོག་པ་རེད། ༣.མར་སའེ་གོམས་སྲོལ། 

 

ཁེན་ནི་ཡའི་མ་སའེ་ཞེས་པའི་ས་ཆ་ཞིག་ནས་བུད་མེད་གཉེན་སྒྲིག་བྱེད་སྐབས། རང་གི་ཨ་ཕས་བུ་མོར་མཆིལ་མ་གཏོར་སྲོལ་ཡོད། དེ་ལྟར་བྱས་ཚེ་བུ་མོའི་གཉེན་སྒྲིག་འཚོ་བ་བདེ་སྐྱིད་ཡོང་བར་སྨོན་ལམ་འདེབས་པར་མ་ཟད། བག་མ་དང་བག་གསར་གཉིས་བག་མ་ཚང་ནས་བྲལ་སྐབས། བག་མས་ཕྱིར་ལྟ་བྱས་མི་ཆོག གལ་ཏེ་ཕྱིར་ལྟ་བྱས་ན་བག་མ་རྡོ་རུ་འགྱུར་བའི་བཤད་སྲོལ་ཡོད། ༤.ལྷོ་ཁོ་རེ་ཡའི་གོམས་སྲོལ། 

 

ཁོ་རེ་ཡ་རིགས་ཀྱི་སྲོལ་རྒྱུན་གཉེན་སྟོན་མཇུག་བསྒྲིལ་རྗེས། བག་གསར་གྱི་གྲོགས་པོ་ཚོས་བག་གསར་གྱི་རྐང་པ་བསྡམས་ཏེ་ལྷམ་ཕུད་རྗེས་ཉ་གསོན་པོས་རྐང་མཐིལ་ལ་གཞུས་པ་ཡིན། དེ་ལྟར་བག་གསར་གྱི་མི་གཤིས་བརྟག་པའི་བཤད་སྲོལ་ཡོད། ༥.སུའུ་ཀེ་ལན་གྱི་གོམས་སྲོལ། 

 

སུའུ་ཀེ་ལན་བ་གཉེན་སྟོན་བྱེད་སྐབས་གོམས་སྲོལ་ཁྱད་མཚར་ཞིག་ཡོད་པ་ནི། གཉེན་སྒྲིག་མ་བྱས་གོང་གི་ཉིན་ཁ་ཤས་ནང་། དགའ་ཉེ་སྤུན་མཆེད་ཚོས་བཙོག་དངོས་བག་མའི་ལུས་སྟེང་ལ་གཤོ། བག་མའང་ཁོང་ཁྲོ་ལངས་མི་ཆོག སུའུ་ཀེ་ལན་བས་བག་མས་ཚོད་བགམ་དེ་དག་ཐེག་ཐུབ་རྗེས། ཕྱིས་འབྱུང་གི་འཚོ་བའི་ནང་གི་དཀའ་ངལ་བར་ཆད་བཟོད་ཐུབ་པའི་བཤད་སྲོལ་ཡོད།

  • 顶 0