གཅན་ཚའི་གཉེན་སྟོན།

2016-09-27
0
 གཉེན་སྟོན།

      བོད་རང་གི་གཉེན་སྟོན་ནི་གནའ་ནས་བཟུང་མགོ་རྔ་ཡོད་པའི་བོད་རང་གི་དམངས་སྲོལ་དྲི་མ་མེད་པ་ཞིག་ཡིན། དེ་ནི་མི་རིགས་སུ་དང་སུ་ལའང་མེད་པའི་དམངས་སྲོལ་ཡག་པོ་ཞིག་ཡིན་པ་མ་ཟད།བོད་རང་གི་དམངས་ཁྲོད་དུ་དར་སྲོལ་ཆེ་བའི་རྩེད་མོའི་རྣམ་པ་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ཚོགས་འགྱུར་བ་དང་བསྟུན་ནས་དུས་རབས་འགྱུར་བ།མི་འགྱུར་བ་བཅས་དེ་ལས་ལྷག་པར་བོད་མི་རྣམས་ཨ་གསར་ལ་དགའ་དྲགས་པས་བོད་རང་གི་རྩེད་མོའི་རྣམ་གྲངས་ཆེ་ཤོས་དང་། དམངས་སྲོལ་ཡག་པོ་འདི་འདོར་ཅི་ཐུབ་བྱས་ཏེ་དེང་གི་རྒྱ་མིའི་གཉེན་སྟོན་བྱེད་སྲོལ་འདི་དར་བ་རེད། འདི་ཡང་བོད་མི་ཚང་མར་ལེ་བདའ་བྱས་ན་མི་འགྲིག་པ་རེད།དེ་ཡང་རུས་རྐང་བོད་པ་ཡིན་ཟེར་བ་ལས་སེམས་སུ་བོད་མི་མེད་པ་དང་རྩ་ལམ་ན་བོད་མི་ཁྲག་རྒྱུན་བཞུར་གྱིན་མེད་པའི་གྲོང་ཁྱེར་གྱི་བོད་མིའི་མགོ་སྟོང་ལས་བྱེད་རྒན་གྲས་སྐོར་ཞིག་གིས་སྲོལ་དར་དུ་བཅུག་པ་ཡིན་པ་གདོན་མི་ཟ། དེ་དང་བསྟུན་ནས་བོད་མིའི་རང་གི་གཉེན་སྟོན་དེ་བོར་ནས་གྲོང་ཁྱེར་གྱི་ཟ་ཁང་ནས་ཁྱིམ་ཚང་དེའི་ཡོང་སྒོ་བཙལ་སྤྱད་ཀྱི་ལག་ཆ་རུ་གྱུར་ཡོད། དེང་སང་གི་གཉེན་སྟོན་ནི་ངོ་མ་ཡ་མཚན་རེད།གཉེན་སྟོན་བྱེད་ཚེ་ཕོ་མོ་ཕྱོགས་གཉི་གའི་མགྲོན་ལ་བོས་ནས་སྟོན་མོ་བཤམས་པ་དང་། ཡང་ན་ཕོ་མོ་ཕྱོགས་གཉི་གའི་རང་རང་ས་ནས་མགྲོན་འབོད་བྱས་ནས་སྟོན་མོ་བཤམས་པ་རེད། འདི་ལས་མཐོང་ཐུབ་པ་ནི་གཙོ་བོ་གཉེན་སྟོན་མིན་པར་མགྲོན་པོའི་ལག་གིས་ལེགས་སྐྱེས་ལ་རེ་བའི་སྟོན་མོ་ཡིན་པ་ལས་གཉེན་སྟོན་ཁོ་ན་མིན་པ་རེད། འདི་དང་འདི་ལྟ་བུ་ལས་བོད་མི་རང་གི་དམངས་སྲོལ་རང་གིས་བསྣུབས་ཀྱིན་འདུག ཐོག་མའི་གཉེན་སློང་གི་ཆོ་ག་དང་། བར་གྱི་ཨ་ཞང་དང་གཉེན་ཚང་གི་འབེལ་གཏམ་སོགས་ཀྱི་ལག་ལེན་ཆོ་ག་རྣམས། མཐའ་མར་དོན་ངོ་མའི་བོད་རང་གི་གཉེན་སྟོན་གྱི་ཆོ་གའི་ཡོ་ལང་རྣམས་ང་ཚོའི་མི་རབས་འདིས་རྩ་བརླག་ཏུ་བཏང་ཚར་འདུག དེ་བས་གྲོང་ཁྱེར་ན་བྱ་བ་ལས་བཞིན་པའི་བོད་རིགས་ལས་བྱེད་པ་རྣམས་ནི་བོད་མིའི་དམངས་སྲོལ་སྣུབ་པའི་གཏེ་བོ་དང་བོད་མིའི་སྐད་དང་ ཡི་གེའི་མི་མཁོ་བ་བཅས་ཀྱི་མཐའ་མར་བོད་མི་ཟེར་བའི་མིང་བརླགས་མཁན་གྱིས་ནག་ཚོགས་འབའ་ཞིག་གོ། མི་འགྱངས་བར་གཅན་ཚ་ནས་རླངས་འཁོར་ཉོས་ནས་རླངས་སྟོན་ཟེར་བའི་སྟོན་མོ་རྒྱ་ཆེན་བཤམས་ནས་མགྲོན་ཤོག་སྟེར་གྱི་ཡིན་པའང་འདྲའོ།།

  • 顶 0