མི་དུར་སྦས་དང་མིའི་དམར་མཆོད།

2018-08-28
0

 

   མིའི་དམར་མཆོད་ནི་བྲན་བདག་གིས་ལྷ་དང་མེས་པོར་མཆོད་པ་བྱེད་དུས་བྲན་གཡོག་བསད་ནས་མཆོད་རྫས་བྱེད་པར་ཟེར་ཞིང་། མི་དུར་སྦས་ནི་བྲན་བདག་དུར་དུ་སྦ་དུས་བྲན་གཡོག་གསོད་པའམ་གསོན་པོ་དུར་རྫས་བྱེད་པ་དེར་ཟེར། 

  ངོ་སྤྲོད།

  མིའི་དམར་མཆོད་ནི་བྲན་བདག་གིས་ལྷ་དང་མེས་པོར་མཆོད་པ་བྱེད་དུས་བྲན་གཡོག་བསད་ནས་མཆོད་རྫས་བྱེད་པར་ཟེར་ཞིང་། མི་དུར་སྦས་ནི་བྲན་བདག་དུར་དུ་སྦ་དུས་བྲན་གཡོག་གསོད་པའམ་གསོན་པོ་དུར་རྫས་བྱེད་པ་དེར་ཟེར། མིའི་དུར་རྫས་ཀྱི་སྲོལ་ནི་སྒེར་དབང་ལམ་ལུགས་བྱུང་བ་དང་མ་རྒྱུད་རུས་རྒྱུད་ཚུགས་པ་སོགས་དང་འབྲེལ་བ་དམ་ཟབ་མཆིས། མིའི་དམར་མཆོད་བྱུང་བའི་ལོ་རྒྱུས་དེ་ལས་སྔ་སྟེ། དེ་ནི་ཡ་ཐོག་སྤྱི་ཚོགས་ཀྱི་མིས་རང་བྱུང་ལ་ངོས་མ་ཟིན་པ་དང་མིའི་སྣང་བརྙན་དུ་བསྐྲུན་པའི་ལྷ་དང་སྲོག་ཆགས་ལ་དད་མོས་བྱས་པ་ལས་བྱུང་བ་རེད།

  ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཝུའུ་ཀན་གྲོང་ཚོ་རུ་གནས་པའི་ཧྲང་གི་རྒྱལ་པོའི་བང་སོ་ཞིག་ཏུ་མུ་ཏིག་དང་གཡང་ཊི་སོགས་རྒྱུ་ནོར་གྱི་དུར་རྫས་ཤིན་ཏུ་མང་པར་མ་ཟད། དུར་ཁང་ཉེ་འགྲམ་གྱི་ཕྱོགས་གཅིག་ཏུ་མའི་མིའི་མགོ་རུས་མང་པོ་བསྒྲིགས་འདུག་ལ། ཕྱོགས་གཅིག་ཏུ་མགོ་བོ་ཀེང་རུས་སྤུངས་འདུག རུས་བརྐོས་ཡི་གེ་རུ་འཁོད་པ་ལྟར་ན་དུས་སྐབས་དེར་བྲན་བདག་སྐུ་དྲག་ཚོས་མེས་པོར་མཆོད་པ་བྱེད་དུས་བྲན་གཡོག་མང་པོ་བསད་དེ་མཆོད་རྫས་བྱེད་ལ། ཆེས་མང་དུས་བྲན་གཡོག2600ལྷག་གསོད་པ་རེད། ད་ལྟ་མཐོང་བའི་གནའ་དཔྱད་ཡིག་ཆ་ལ་བལྟས་ན་ཀྲུང་གོའི་མིའི་དམར་མཆོད་དང་མིའི་དུར་རྫས་ཀྱི་སྲོལ་ལུགས་ད་ལྟ་ནས་ཡར་བརྩིས་ན་ལོ་ངོ4000ལྷག་གི་ཡར་སྔོན་གྱི་ཡ་ཐོག་སྤྱི་ཚོགས་དུས་མཇུག་ཙམ་ལ་བྱུང་ཞིང་། དབྱིན་ཧྲང་དུས་སྐབས་སུ་སྤྱི་ཚོགས་ལམ་ལུགས་ཤིག་ཏུ་གྱུར་ནས་རྒྱ་ཆེར་སྤེལ་བ་རེད། ཀྲོའུ་ནུབ་མའི་རྗེས་ནས་བཟུང་སྤྱི་ཚོགས་འཕེལ་རྒྱས་དང་། མིས་རང་ཉིད་ཀྱི་རིན་ཐང་ལ་ངོས་ཟིན་ཅུང་གཏིང་ཟབ་བྱུང་བ་དང་བསྟུན་ནས་འཇིམ་སྐུའི་འདྲ་གཟུགས་ཀྱིས་མི་གསོན་པོའི་ཚབ་བྱེད་པའི་མགོ་བརྩམས། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་དུས་མཇུག་ཏུ་གནས་ཚུལ་དམིགས་བསལ་ཅན་གྱི་སྐབས་སུ་མ་གཏོགས་མིའི་དམར་མཆོད་དང་དུས་རྫས་ཀྱི་སྲོལ་མེད་པར་བཟོས་པ་རེད།

  དཔྱད་གཞིའི་ཡིག་ཆ།

  1  སྐལ་བཟང་སྒྲོལ་མ་དང་བསོད་ནམས་ཀྱིས་བསྒྱུར་བའི 《ཀྲུང་གོའི་སློབ་འབྲིང་སློབ་མའི་ཤེས་བྱ་ཀུན་བཏུས་ལས་ཀྲུང་གོའི་ལོ་རྒྱུས》 མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ4པའི་པར་ཐེངས་དང་པོ། ཤོག་ངོས3ན་གསལ། 

  2  པའེ་ཏུའུ་རིག་མཛོད།   2017-4-23 

  • 顶 0