བོད་ཀྱི་ཀོ་གྲུའི་བཤད་པ།

2022-04-24
0

 ཀོ་གྲུ་ནི་བོད་དུ་གནའ་རབས་ནས་དེང་སང་བར་ཆུ་ཐོག་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་གཙོ་བོའི་གྲས་ཡིན་པའི་ཀོ་གྲུ་སྟེ། དེ་ཡང་གཡག་གི་ཀོ་བ་གཉིས་སམ་བཞི་གང་རིགས་རྒྱུན་བུའི་སྐུད་པས་ཀོ་འཚེམས་བྱས་པའི་ནང་དུ་ཤིང་གིས་ཀོ་སྒྲོམ་ཁ་ཤིང་དང་བཅས་པ་བཟོས་པའི་ཚེམས་སྲུབས་རྣམས་སུ་ཞག་སྙིགས་དང་མར་སྙིགས་སོགས་བྱུགས་ཏེ་རྐོ་གྲུའི་ནང་དུ་ཆུ་མི་ཡོང་བར་བྱས་པ་ཞིག་ཡིན། ཐག་ཉེའི་སྐྱེལ་འདྲེན་ལ་གྲུ་དང་ཀོ་གྲུ་གཉིས་ཀ་བེད་སྤྱོད་བྱེད་ཆོག་པ་དང་། ཐག་རིང་གི་སྐྱེལ་འདྲེན་ལ་ཀོ་གྲུ་བེད་སྤྱོད་བྱས་ཏེ་རྟ་པའི་ཉིན་ལམ་གཉིས་ཉིན་གཅིག་ལ་འགྲོ་ཐུབ་པའི་མགྱོགས་ཁྱད་ཡོད། གཡག་ཀོ་བཞི་སྒྲིགས་བྱས་པའི་ཀོ་གྲུ་ལ་སྐྱ་བ་གཉིས་དང་། གཡག་ཀོ་ཉིས་སྒྲིགས་བྱས་པའི་ཀོ་གྲུ་ལ་སྐྱ་བ་གཅིག་གི་འཐུས་པ་བྱེད་ཀྱི་ཡོད་ཅིང་། ཀོ་བ་གཏོང་མཁན་ལ་མཉན་པ་དང་མཉན་དཔོན་ཟེར་ཞིང་། རེས་འགས་ཀོ་པ་ཡང་ཟེར། ཀོ་བ་གཏོང་སྐབས་མཉན་པས་གཞས་གདངས་རིང་པོ་སྐྱོ་གླུ་ལྟ་བུ་ཞིག་གཏོང་རྒྱུ་ཡོད་པ་དང་མཉན་པས་ཀོ་གྲུ་སྒལ་པར་ཁྱེར་ནས་འགྲོ་སྐབས་བཟའ་ཆས་འགེལ་སའི་ལུག་ཞིག་ཡོད་པ་དེ་ལ་ལྟོ་ཕད་གཉིས་བཀལ་ནས་སྐེ་ལ་དྲིལ་བུ་དང་ཐག་པ་བཏགས་ཐོག་ཐག་སྣེ་མཉན་པའི་སྐེད་པའམ་ཀོ་བར་བསྒྲོགས་ཏེ་འཁྲིད་འགྲོ་གི་ཡོད་པ་དེ་ལ་ཀོ་ལུག་ཟེར།




  • 顶 0