དཔལ་ས་སྐྱའི་པཎ་ཞྭ།

2018-11-13
0

 

   འདི་ལ་བླ་ཞྭ་ཡང་ཞུ་བ་ཡིན་ཏེ་རྩ་བའི་དབྱིབས་སྒོར་མོ་རྩེ་མོ་ཅན་གྱེན་དུ་བསྣོལ་ཞིང་མདུན་ངོས་སུ་ཅུང་ཟད་ཉག་ཡོད་པ་ཞྭ་ལག་གཡས་གཡོན་གཉིས་ཐུར་དུ་འཕྱངས་པ་ཞིག

  ངོ་སྤྲོད།

  འདི་ལ་བླ་ཞྭ་ཡང་ཞུ་བ་ཡིན་ཏེ་རྩ་བའི་དབྱིབས་སྒོར་མོ་རྩེ་མོ་ཅན་གྱེན་དུ་བསྣོལ་ཞིང་མདུན་ངོས་སུ་ཅུང་ཟད་ཉག་ཡོད་པ་ཞྭ་ལག་གཡས་གཡོན་གཉིས་ཐུར་དུ་འཕྱངས་པ། ལུགས་གཞན་དུའང་དབྱིབས་མཐུན་པ་ཡོད་ཀྱང་འདིར་ཁ་མདོག་དམར་པོ་ཁོ་ནར་ཡིན་པ་ལ་འཇའ་རིས་གསེར་ཅན་གསུམ་རིམ་གྱིས་སྡེ་སྣོད་གསུམ་མཚོན་པ་དང་། འཇའ་རིས་མེད་པ་རྣམ་པ་གཉིས་སུ་བྱས་ཏེ་གདན་ས་ལྷོ་བྱང་གཉིས་ཀའི་ཐུན་མོང་ཆོས་ལུགས་དུས་ཆེན་སྐབས་སུ་བླ་ཆེན་གོང་མ་རྣམ་པ་ཚོགས་ཕེབས་ཡོད་མེད་ལ་མ་ལྟོས་པར་མཁན་ཁྲི་དང་སྔགས་རམས་པ་རྣམས་ཀྱིས་སྡེ་སྣོད་གསུམ་གྱི་དབུ་ཞྭ་དང་། གཞན་བླ་དཀྱུས་དང་བན་ཚང་བགྲེས་པ་དམིགས་བསལ་ཅན་རྣམས་ཀྱིས་འཇའ་རིས་མེད་པའི་པཎ་ཞྭ་བཞེས་སྲོལ་ཡོད། གཞན་ཚོགས་ཆེན་དཀྱུས་སུ་སྔགས་ཆོག་ཡིན་ན་རྩེ་ཞྭ་དང་། འདུལ་ཆོག་ཡིན་ན་འདུལ་ཞྭ་སེར་པོ་མནབས་པ་ཡིན།

  • 顶 0