ཨ་མཆོད་ཞྭ།

2018-11-13
0

 

   འདི་ནི་ཧི་མ་ལ་ཡའི་ས་ཁུལ་གྱི་ནང་པའི་ཨ་མཆོད་དེ། གྲོང་པའི་ནང་རིམ་གྲོ་གནང་མཁན་གྱི་གྲྭ་བཙུན་ཁག་ཅིག་གིས་དབྱར་དགུན་མེད་པར་གྱོན་སྲོལ་ཡོད་པའི་ཞྭ་མོ་ཞིག་ཡིན།

  ངོ་སྤྲོད།

  ཞྭ་འདི་ནི་ཧི་མ་ལ་ཡའི་ས་ཁུལ་གྱི་ནང་པའི་ཨ་མཆོད་དེ། གྲོང་པའི་ནང་རིམ་གྲོ་གནང་མཁན་གྱི་གྲྭ་བཙུན་ཁག་ཅིག་གིས་དབྱར་དགུན་མེད་པར་གྱོན་སྲོལ་ཡོད་པའི་ཞྭ་མོ་ཞིག་ཡིན། འདིའི་སྟེང་རས་སྔོ་ལྗང་དམར་སེར་གྱིས་མཛེས་རྒྱན་སྤྲས་ཤིང་། ནང་ཤར་རས་དམར་པོ་ཡུག་ཅིག་བཏང་སྟེ་གྲལ་བསྟར་འགྲིག་པོའི་ཤར་ཚེམ་དང་། མཐར་རས་སྔོན་པོའི་མཐའ་ལྕགས་ལེགས་པར་གཏོང་གི་ཡོད། ཞྭ་མོ་འདིར་གྱོན་སྟངས་མི་འདྲ་བ་ཡོད་དེ། པར་འདིའི་ནང་གི་གྱོན་སྟངས་ནི་དགུན་དུས་གྲང་ངར་ཆེ་བའི་སྐབས་ཀྱི་གྱོན་སྟངས་རེད། གྲང་རླུང་ལས་སྐྱོབ་ཆེད་རྣ་ཁེབས་དང་། རྒྱབ་ལག་ཅེས་ནར་ནར་རིང་པོ་དེ་ལྟག་རྒྱབ་ཏུ་གློད་ནས་འཇོག་པ་ཡིན། དབྱར་དུས་སུ་ཞྭ་དེ་རྒྱབ་མདུན་བརྗེས་ནས་གྱོན་ཏེ། རྣ་ཁེབས་གཉིས་ནང་དུ་བལྟབས་པ་དང་། རྒྱབ་ལག་གི་ཕྱེད་ཙམ་ནང་དུ་བཅུག་ཅིང་། ཕྱེད་ཙམ་དཔྲལ་བའི་སྟེང་གློད་དེ་ཉི་སྐྱོབ་ཀྱི་ཚུལ་དུ་གྱོན་སྲོལ་ཡོད་དོ།།

  • 顶 0