སློག་ཞྭ།

2018-11-13
0

 

   འདི་ནི་རྩ་བ་རྩེ་ཞྭ་ཡིན་པ་ལ་ཞྭ་ལག་གཡས་གཡོན་གཉིས་ལ་གོས་ཆེན་གྱི་འཇའ་རིས་སྤེལ་མར་སྦྱར་ཏེ་ཞྭ་གཞིར་ཕྱིར་སློག་སྟེ་གཟབ་པའི་ཁྱད་པར་དུ་བྱས་ཏེ་མནབས་པ་ཡིན།

  ངོ་སྤྲོད།

  དབུ་ཞྭ་འདི་ནི་རྩ་བ་རྩེ་ཞྭ་ཡིན་པ་ལ་ཞྭ་ལག་གཡས་གཡོན་གཉིས་ལ་གོས་ཆེན་གྱི་འཇའ་རིས་སྤེལ་མར་སྦྱར་ཏེ་ཞྭ་གཞིར་ཕྱིར་སློག་སྟེ་གཟབ་པའི་ཁྱད་པར་དུ་བྱས་ཏེ་མནབས་པ་ཡིན། དཔལ་ས་སྐྱའི་ཆོས་སྡེ་བྱང་པའི་དགེ་འདུན་པ་རྣམས་ཕྱོགས་ཐོན་ཆིབས་འགྲུལ་གཟབ་མོ་དང་། ཡུལ་གྱི་དབྱར་ཆོས་ཆེན་པོ་དཔལ་ལྡན་དམག་ཟོར་ལྷ་མོར་མཆོད་པའི་སྐབས་ཆོས་གྲྭ་རྣམས་ཀྱིས་མནབས་པ་ལས། རྒྱུན་གཏན་མནབས་སྲོལ་མེད་དོ།།

  • 顶 0