དྭགས་ཞྭ།

2018-11-13
0

 

   དབུ་ཞྭ་འདི་ནི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པའི་ཆོས་བརྒྱུད་རྒྱ་ཆེར་འཕེལ་བའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱིས་གསོལ་བའི་དབུ་ཞྭ་ཞིག

  ངོ་སྤྲོད།

  དབུ་ཞྭ་འདི་ནི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པའི་ཆོས་བརྒྱུད་རྒྱ་ཆེར་འཕེལ་བའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱིས་གསོལ་བའི་དབུ་ཞྭ་ཞིག་སྟེ། དེའི་མཚོན་དོན་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རྟག་ཏུ་འཇུག་པའི་བརྡར་གཡོན་གཡས་པད་འདབ་ནར་མར་འབྲེལ་བ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པས་འགྲོ་དོན་ལ་ངལ་དུབ་མི་མངའ་བའི་བརྡར་དབུས་སུ་པད་འདབ་ཟུང་གིས་བརྒྱན་པ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་ལོངས་སུ་སྤྱོད་ཅིང་ངོམས་པ་མེད་པའི་བརྡར། ཞྭ་ཡི་དཀྱིལ་གཞོང་པ་ལྟར་གྱེན་དུ་ཁ་གཡེལ་བ་བཅས་སོ།།

  • 顶 0