རྨོག་མོ་གནམ་ལྕགས་འབུམ་ཐུབ།

2018-11-13
0

 

   འཛམ་གླིང་གེ་སར་རྒྱལ་པོ་ཞེས་ཡོངས་སུ་གྲགས་པའི་སྐྱེས་བུའི་དམག་ཆས་ཏེ། རྨོག་ཆེན་རྒྱལ་བའི་ཐོད་དཀར་རམ། རྨོག་མོ་གནམ་ལྕགས་འབུམ་ཐུབ་ཅེས་གྲགས།

  ངོ་སྤྲོད།

  དབུ་ཞྭ་འདི་ནི་གུ་རུ་པདྨ་འབྱུང་གནས་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རྣམ་གཉིས་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་རོལ་གར་ནག་ཕྱོགས་བདུད་ཀྱི་ཁ་གནོན་དུ་ཤར་བ། འཛམ་གླིང་གེ་སར་རྒྱལ་པོ་ཞེས་ཡོངས་སུ་གྲགས་པའི་སྐྱེས་བུའི་དམག་ཆས་ཏེ། རྨོག་ཆེན་རྒྱལ་བའི་ཐོད་དཀར་རམ། རྨོག་མོ་གནམ་ལྕགས་འབུམ་ཐུབ་ཅེས་གྲགས། གེ་སར་རྒྱལ་པོ་དགུང་ལོ་བཅུ་གསུམ་ནས་གཡུལ་ལམ་དམག་སྐྱོན་འགོ་ཚུགས། དེ་ནས་བཟུང་དམག་ཆས་རྣམས་ཀྱང་བཟོ་དབྱིབས་འདི་དང་ཕྱོགས་མཚུངས་ཅན་དར་ཞིང་། ཡུལ་ལྷ་མང་པོའི་ཆས་ཀྱང་འདི་དང་འདྲ་བར་ཡོད་སྐད་བཅས་སོ།།

 

 

  

  • 顶 0