ཐོག་ལྕགས།

2020-10-19
0

ཐོག་གི་ལྕགས་ས་འོག་ཏུ་བསྐལ་པར་ལུས་ཀྱང་བཙའ་དང་ཞུ་བ་སོགས་མ་བྱུང་བ་ཡིན་ཟེར་བའི་ལྕགས་དཀར་སེར་དམར་ནག་རིགས་བཞི་གང་ཡང་ལིའི་རྒྱུ་འདྲ་བར་གཟུགས་བརྙན་སྣ་ཚོགས་འབྱུང་བ་འདི་ཡིན་ནོ།།

 ངོ་སྤྲོད།

   ཐོག་གི་ལྕགས་ས་འོག་ཏུ་བསྐལ་པར་ལུས་ཀྱང་བཙའ་དང་ཞུ་བ་སོགས་མ་བྱུང་བ་ཡིན་ཟེར་བའི་ལྕགས་དཀར་སེར་དམར་ནག་རིགས་བཞི་གང་ཡང་ལིའི་རྒྱུ་འདྲ་བར་གཟུགས་བརྙན་སྣ་ཚོགས་འབྱུང་བ་འདི་ཡིན་སྟེ། འདི་ལ་གཏེར་དངོས་རིག་པ་བ་དང་ལྕགས་ཁམས་བརྟག་དཔྱད་མཁན་རྣམས་ཀྱིས་གྲུབ་ཆ་གཙོ་བོ་ཟངས་དང་གཤའ། ཏི་ཚ་བཅས་དང་གསེར་དངུལ་ལྕགས་སོགས་འདྲེས་ཡོད་ཅེས་དང་། ལོ་རྒྱུས་རིག་པ་བ་རྣམས་ཀྱིས་གནའ་སྔོ་མོ་མིས་ལྕགས་མ་རྙེད་པའི་སྔོན་གྱི་མིའི་རྒྱན་ཆས་དང་། ཡོ་བྱད་ས་འོག་ཏུ་ལོ་མང་སོང་བ་ཡིན་ཞེས་ཟེར། འདི་ས་འོག་ནས་རེ་ཟུང་རྙེད་རྒྱུ་ཡོད།

                                                                                                                                       ཡོང་ཁུངས།  ཡོངས་འཛིན་དྲ་བ།


  • 顶 0