ཕོ་བྲང་པོ་ཏ་ལའི“སྤྲིན་ཚོགས་འགྲེམས་སྟོན”ལས་“ཁྱིམ་སྡོད་”དྲ་གྲོགས་ཚོས་གངས་ལྗོངས་ཀྱི་ལོ་ངོ་ སྟོང་གི་དབྱིག་ནོར་མྱོང་རོལ་ཐུབ་པ།

2020-04-21
0


མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་9ཉིན། འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་“སྤྲིན་ཚོགས་འགྲེམས་སྟོན”དྲ་རྒྱའི་ཐོག་དུས་བཅད་ལྟར་ཐད་གཏོང་བྱས་པ་དང་། སྐར་མ་90ཡི་ནང་ཕོ་བྲང་པོ་ཏ་ལའི་གཙོ་སྟོན་ཚོགས་པའི་སྣེ་ཁྲིད་འོག “ཁྱིམ་སྡོད་”དྲ་གྲོགས་ཁྲི་བཅུ་ལྷག་ཙམ་ལ་དུས་རྒྱུན་ཕྱི་ལ་འགྲེམས་སྟོན་བྱེད་ཉུང་བའི་རྒྱལ་ཁབ་ཀྱི་རིག་དངོས་རྩ་ཆེན་25མྱོང་རོལ་ཐུབ་པའི་གོ་སྐབས་ཐོབ་ཡོད་པ་རེད།

 དེ་ཉིན་ནི་ཕོ་བྲང་པོ་ཏ་ལས་ཟླ་3ཚེས་1ཉིན་ཐོག་མར་ཐའོ་པའོ་ཐད་གཏོང་དང་ལག་གདང་སྦྲེལ་ནས་“དཔྱིད་དུས་དྲ་ཐོག་ཡུལ་སྐོར་བྱེད་”ཅེས་པའི་སྤྱི་སྟེགས་ཀྱིས་དྲ་རྒྱའི་ཐོག་ཐད་གཏོང་བྱས་རྗེས། དྲ་དམངས་གྲོགས་པོ་དང་ཐུག་འཕྲད་བྱེད་ཐེངས་གཉིས་པ་དེ་ཡིན་ཞིང་། ད་ཐེངས་ཀྱི་ཐད་གཏོང་བསྐྱར་མར་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་དཀར་ཡོལ་དང་གཡང་ཊིའི་ཡོ་ཆས་དང་། ལྭ་བ་འབྲུག་རིས་མ། ཏ་ལའི་ལོ་མའི་ཆོས་དཔེ། སངས་རྒྱས་ཀྱི་སྐུ་བརྙན། ཐང་ག་སོགས་རྒྱལ་ཁབ་རིམ་པའི་རིག་དངོས་ཁག་གཅིག་ལེགས་འདེམས་བྱས་ཡོད་པ་སྟེ། དཔེར་ན། སྤྱི་ལོའི་དུས་རབས་ལྔ་པར་ཐོན་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་དང་། སྤྱི་ལོའི་དུས་རབས་བདུན་པར་ཐོན་པའི་ཏ་ལའི་ལོ་མའི་ཆོས་དཔེ། མིང་རྒྱལ་རབས་ཡུང་ལེའི་སྐབས་ཀྱི་ཀྲུའུ་ཧྲ་པར་མའི་《བཀའ་བསྟན་འགྱུར་》སོགས་ཡོད་པ་དང་། ལོ་རབས་ནི་སྤྱི་ལོ་462ནས་དུས་རབས་18པའི་བར་གྱི་ཡོད་པ་རེད།

གསར་འགོད་པས་ཡུལ་དངོས་ནས་མཐོང་གསལ། དེ་སྔའི་ཐད་གཏོང་སྐབས་བརྡ་རྟགས་སོགས་ཀྱི་ཆ་རྐྱེན་གྱི་ཚོད་འཛིན་ཕོག་ནས་ལྟ་སྐོར་བྱེད་པར་དཀའ་ངལ་འཕྲད་པ་ཁ་གསབ་བྱ་ཆེད། ད་ཐེངས་ཀྱི“སྤྲིན་ཚོགས་འགྲེམས་སྟོན”གྱི་པར་ལེན་བྱ་ཡུལ་དེ་ཕོ་བྲང་པོ་ཏ་ལའི་དམར་པོ་རིའི་རི་འདབས་ཀྱི་རང་བྱུང་བྲག་ཕུག་ཅིག་ཏུ་གཏན་འཁེལ་བྱས་པ་སྟེ། ཕོ་བྲང་པོ་ཏ་ལའི་རིག་གནས་གསར་གཏོད་ཉམས་ལེན་ཚོང་ཁང་དུ་གཉེར་བ་དང་། ད་དུང་5Gབརྡ་རྟགས་ཀྱང་བཏོད་དེ་ཐད་གཏོང་བདེ་བླག་ངང་བྱེད་ཐུབ་པའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག  དོ་དམ་ཁྲུའུ་ཡིས་ད་དུང་ཕོ་བྲང་པོ་ཏ་ལའི་ཆེད་ལས་རིག་གནས་སྲུང་སྐྱོང་ཞིབ་འཇུག་མི་སྣ་8བདམས་ནས། “ཕོ་བྲང་ནང་ཉར་ཚགས་བྱས་པའི་འབྲེལ་ཡོད་རིག་དངོས་ཀྱི་ད་ཆའི་གནས་ཚུལ”དང་། “རིག་དངོས་ཀྱི་ལོ་རྒྱུས་རྒྱབ་ལྗོངས”“རིག་དངོས་རྒྱབ་ཀྱི་གཏམ་རྒྱུད”“ཐག་ཉེ་ས་ནས་དབྱིག་ནོར་ལ་ལྟ་བ”“རིག་གནས་ཀྱི་ཤེས་བྱ་ཆུང་ངུ”སོགས་ཀྱི་ཐད་ནས་དྲ་ཐོག་ཏུ་ཕྱོགས་ཡོངས་་ནས་ཆེད་ལས་ཀྱི་འགྲེལ་བཤད་བརྒྱབ་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྐར་མ་90ཡི་ཕོ་བྲང་པོ་ཏ་ལའི་“སྤྲིན་ཚོགས་འགྲེམས་སྟོན”ལ་ལྟ་མཁན་ཁྱོན་མི་ཐེངས་ཁྲི་80ཟིན་པ་དང་། དེ་སྔའི་ལོ་ཧྲིལ་པོའི་ཡུལ་དངོས་སུ་ཡུལ་སྐོར་བྱེད་མཁན་སྐུ་མགྲོན་གྲངས་འབོར་གྱི་ཕྱེད་ཀ་ལས་བརྒལ་བ་དང་། དྲ་གྲོགས་མང་པོས་བསྟོད་བསྔགས་བཏང་ནས་ཡག་པོ་འདུག་ཅེས་བརྗོད་ཀྱི་ཡོད་པ་རེད།


  • 顶 0