བརྟན་སྐར་འགུལ་སྐྱོད།

2019-01-29
0

 བརྟན་སྐར་ཏེ་མཁའ་དབྱིངས་ཀྱི་ཁྲོད་ན་ཉི་མའི་འགུལ་སྐྱོད་དང་ཁ་གཏད་ནས་ཡོད་ཅིང་། འདི་ལ་བརྟན་སྐར་གྱི་བར་སྟོང་འགུལ་སྐྱོད་ཟེར། འགུལ་སྐྱོད་འདིའི་རིགས་ནི་ཕན་ཚུན་དྲང་འཕྱང་དུ་བསྣོལ་བའི་མྱུར་ཚད་གཉིས་ཀྱིས་གྲུབ་པ་ཡིན།

བརྟན་སྐར་ཚང་མ་མཚམས་མི་ཆད་པར་འགུལ་སྐྱོད་བྱེད་བཞིན་ཡོད། འགུལ་སྐྱོད་ཀྱི་ཁ་ཕྱོགས་དང་མྱུར་ཚད། ཆེ་ཆུང་སོགས་ཚང་མ་མི་འདྲ། ང་ཚོས་བརྟན་སྐར་དེ་ཉི་མའི་ཁྱིམ་རྒྱུད་ཀྱི་འགུལ་སྐྱོད་མྱུར་ཚད་ལ་བརྟེན་ནས་མྱུར་ཚད་གཉིས་སུ་བགར་ཆོག་སྟེ། གཅིག་ནི་ལྟ་ཞིབ་པས་མཐོང་ལམ་གྱི་ཁ་ཕྱོགས་ཏེ། མྱུར་ཚད་འདི་ཐད་ཀར་ལྟ་ཞིབ་མི་ནུས་པས། ཐབས་བཀོད་གཞན་ལ་བརྟེན་ནས་བརྟག་དགོས། གཞན་གཅིག་ནི་ལྟ་ཞིབ་པས་མཐོང་ལམ་ཁ་ཕྱོགས་དྲང་འཕྱང་དུ་བསྣོལ་བའི་འཕྲེད་ཕྱོགས་མྱུར་ཚད(བརྟན་སྐར་གྱི་རང་རྒྱུ་ཡང་ཟེར)དེ་ཡིན་ལ། བརྟན་སྐར་དེ་ཧ་ཅང་རྒྱང་རིང་བས་ན། སྤྱིར་བཏང་དུ་མིག་གིས་མཐོང་དཀོན་པོ་འདུག གལ་ཏེ་ཞིབ་ཚགས་དང་དུས་ཡུན་རིང་པོར་བརྟན་སྐར་ཞིག་གི་གནས་ཡུལ་དང་རྒྱབ་ལྗོངས་སོགས་ཀྱི་འགྱུར་བ་ལ་ལྟ་ཞིབ་བྱས་ན། དེའི་མྱུར་ཚད་དང་ཁ་ཕྱོགས་ཤེས་པར་འགྱུར། བྱང་སྐར་སྤུན་བདུན་ལོ་ངོ་ཁྲི10ཡི་སྔོན་དང་ཁྲི10ཡི་རྗེས་ཀྱི་ཚུགས་ཀའི་འགྱུར་ལྡོག་ལས་སྐར་མ་འདི་བདུན་པོ་སོ་སོ་ལ་མི་འདྲ་བའི་མྱུར་ཚད་དང་ཆེ་ཆུང་ལ་སོགས་པ་ཡོད་པའི་མཇུག་འབྲས་གསལ་བོར་མངོན།

 ཉི་མའི་ཉེ་འཁོར་གྱི་བརྟན་སྐར་ཡི་བར་སྟོང་འགུལ་སྐྱོད་མྱུར་ཚད་ནི་ཕལ་ཆེར་སྐར་ཆ་རེ་ལ་སྤྱི་ལེ50ལྷག་ཡིན། དོན་དངོས་སུ། ཉི་མ་ཡང་བར་སྟོང་གི་ཁྲོད་ན་འགུལ་སྐྱོད་བྱེད་བཞིན་མཆིས། ཉི་མ་ཡིས་ཉེ་འཁོར་བརྟན་སྐར་གྱི་བར་སྟོང་གི་འགུལ་སྐྱོད་མྱུར་ཚད་ནི་སྐར་ཆ་རེ་ལ་སྤྱི་ལེ19.7ཙམ་ཡིན། འགུལ་སྐྱོད་ཁ་ཕྱོགས་ཀྱང་དྲང་སྲོང་དྲག་དཔོན་སྐར་ཚོམ་ཁྲོད་ཀྱི་ཚེག་ཅིག་ཡིན། བརྟན་སྐར་འགུལ་སྐྱོད་ཀྱི་མྱུར་ཚད་ལས་ཉི་མའི་འགུལ་སྐྱོད་ཀྱི་མྱུར་ཚད་འཐེན་པའི་རྗེས་ཀྱི་མྱུར་ཚད་ལྷག་མ་དེ་ལ་བརྟན་སྐར་གྱི་མ་གཞི་འགུལ་བའི་མྱུར་ཚད་ཟེར།

  • 顶 0