རྟ་སྒ།

2018-12-06
0

 

   རྟ་སྒ་ནི་བོད་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཐོན་སྐྱེད་ཁྲོད་དུ་མེད་དུ་མི་རུང་བའི་ཡོ་བྱད་ཅིག་ཡིན་ཞིང་། རྒྱུ་ཤིང་ལས་གྲུབ་པ་ཞིག་ཡིན།

  རྟ་སྒ་ནི་རྒྱུ་ཤིང་སོགས་ལས་གྲུབ་པ་ཞིག་ཡིན། རྟ་སྒ་བསྟད་ནས་ལམ་ཐག་རིང་བོར་བསྐྱོད་ཀྱང་གཅིག་ནས་རྟ་རྒྱབ་ལ་རྨ་སོགས་འབྱིན་མི་ནུས། གཉིས་ནས་རྟར་ཞོན་པའི་མི་ལ་ངལ་དུབ་བམ་ཆད་སྣང་སོགས་མི་སྟེར། རྒྱུ་མཚན་རྟ་སྒའི་སྔ་རུ་མཐོ་ལ་ཕྱི་རུ་དམའ་བའི་སྟེང་དུ་མི་ཞོན་ན་ཧ་ཅང་བདེ་བ་སོགས་ཁྱད་ཆོས་དང་དགེ་མཚན་མང་པོ་ཡོད་དོ། །

   སྔ་རི། ཨ་འཇོག ཏེབ་ཙེ། ཕྱི་རི། ཡོག་ཤིང་། ཧོམ། ཀོ་སྟན། གློ་སྡོམ། རྨེད་རྭ། ཤྭ་རྨེད། རྨེད། རྨེད་མདོ། རྨེད་མིག ཁོང་རྒྱུན། སྒལ་གཡོག ཚི་ལེན། པོ་རི། ཧོམ་ཐིག ཆབ་ལྕེ། ཆབ་མགོ གློ ཕྱི་གློ། ཡོབ་ཐག ཡོབ་ཆེན། ཡོབ་རྡོ།

 

  • 顶 0