བོད་ལྗོངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་དར་སྤེལ་བཏང་བ།

2019-04-19
0

༄༅།།བོད་ལྗོངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་དར་སྤེལ་བཏང་བ།

     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་ལུས་རྩལ་ཐོན་ལས་དང་ལུས་རྩལ་རྒྱན་ཤོག་གི་ལས་དོན་ཚོགས་འདུ་འཚོགས་པ་རེད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་ནང་། བོད་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་སྔོག་འདོན་གཏིང་ཟབ་བྱུང་བ་དང་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད་པ་རེད།  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས། “ང་ཚོས་མ་རྩ་སྒོར་ཁྲི་2100བཏང་ནས།  མི་རིགས་ཀྱི་རྟ་རྩལ་དང་། མདའ་འཕེན། གཡག་རྒྱུག  རྡོ་འགྱོག  སྦེ་ག  ཀེ་རེམ། སྐོར་བྲོ་སོགས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་རིག་གནས་ནང་དོན་སྔོག་འདོན་བྱས་ནས་ལེགས་སྒྲིག་བྱས་ཡོད་”ཅེས་ངོ་སྤྲོད་བྱས་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། མ་འོངས་པའི་དུས་ནང་བོད་ལྗོངས་ཀྱིས་ཁང་ཕྱིའི་ཐོན་ཁུངས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་པ་མ་ཟད་རང་བྱུང་ཡུལ་ལྗོངས་ཀྱི་ཐོན་ཁུངས་དང་།  སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས། ས་མཐོའི་རྣམ་པའི་དམངས་སྲོལ་རིག་གནས་ཐོན་ཁུངས་བཅས་ལ་བརྟེན་ནས། ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་གྱི་ཚད་བརྒལ་འགྲན་བསྡུར་དང་།  གངས་རིའི་གངས་ཤུད།  རྐང་ཐང་མར་མྱུལ་དཔྱད།  བྲག་འཛེགས་སོགས་ལུས་རྩལ་འགྲན་བསྡུར་སྤུས་རྟགས་ཀྱིས་སྣེ་ཁྲིད་དེ། ཞིབ་ཕྲའི་ངང་མཐོ་སྒང་གི་ཁྱད་ཆོས་ལྡན་ལ། རྩེ་གྲ་ཡིན་པ། སྤུས་ཀ་ལེགས་པ་བཅས་ཀྱི་ལུས་རྩལ་བྱེད་སྒོ་བཟོས་ནས། ཤེས་བྱའི་ཐོན་ལས་བདག་དབང་ཁེར་རྐྱང་དུ་བདག་པའི་སྤུས་རྟགས་འགྲན་བསྡུར་བྱེད་སྒོ་ཁག་གཅིག་གསོ་སྐྱོང་བྱས་པ་དང་། སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོར་རོགས་སྐྱོར་བྱས་ཡོད་པ་རེད།

༄༅།།བོད་ལྗོངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་དར་སྤེལ་བཏང་བ།



  • 顶 0