རྒྱལ་རྩེ་རྫོང་དཔལ་ཆོས་དགོན་གྱིས་ལོ་གཅིག་དུས་གཅིག་གི་དར་ཆེན་སྐུ་བཞེངས་ཀྱི་མཛད་སྒོ་འཚོགས་པ།

2018-12-24
0

 

  དར་ཆེན་སྐུ་བཞེངས་བྱེད་སྒོའི་ནང་མི་ཚོས་ལྷ་རྒྱལ་འཐེན་ནས་རྟག་ཏུ་ལོ་ཕྱུགས་བཟང་བའི་བཀྲ་ཤིས་སྨོན་འདུན་མཚོན་ཡོད།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ2 ཚེས22ཉིན་ནི་བོད་ཟླ་དང་པོའི་ཚེས14 ཡིན།  ཉིན་དེར་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དཔལ་ཆོས་དགོན་པའི་ཐང་ཆེན་དུ་ལོ་གཅིག་དུས་གཅིག་གི་དར་ཆེན་སྐུ་བཞེངས་ཀྱི་མཛད་སྒོ་སྤེལ་བ་རེད།  རྒྱལ་རྩེའི་མང་ཚོགས་ཀྱིས་གཙོས་ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་པའི་མི་ཚོགས་ཀྱིས་ལྷ་རྒྱལ་འཐེན་ནས་གང་སར་རྩམ་པའི་ཕྱེ་རྡུལ་གཡོ་བར་བྱས་ཤིང་ལུས་སྟེང་དང་ས་ཐོག་གང་སར་སྐྱ་བྱིལ་དུ་ཁེངས་པ་ཁ་བས་ཀླུབས་པའི་སྣང་ཚུལ་དང་གཉིས་སུ་མེད།  དེ་འདྲའི་རྩམ་པའི་ཁ་བ་བབས་ལུགས་ཀྱི་ཐོག་ནས་སྔ་ལོར་ལོ་ལེགས་བྱུང་བའི་རྟགས་དང་མ་འོངས་ལོ་ཟླའི་ནང་དུ་ཡང་སྐྱར་ཆར་ཆུ་དུས་སུ་བབ་པ་དང་ལོ་ཕྱུགས་རྟག་ཏུ་བཟང་བའི་སྨོན་ལམ་ཡང་མཚོན་པར་བྱས་ཡོད།།

 

  དར་ཆེན་སྐུ་བཞེངས་ཞུ་བཞིན་པ།

 

  མང་ཚོགས་ཚོས་དར་ཆེན་སྐུ་བཞེངས་མཛད་སྒོའི་ཐོག་ཕན་ཚུན་རྩམ་པ་བཤོ་རེས་བྱེད་བཞིན་པ།

  • 顶 0