སྦྲ་ནག་གི་གྲུབ་སྟངས་དང་དེའི་མཚོན་དོན།

2018-09-29
0

  

   གངས་རིའི་འབྲོག་ཕྲུག་རྣམས་མཚར་ལོངས་འབྱུང་ས་དང་རྒན་པ་རྣམས་ཚེ་ཐག་རིང་ས།  སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་སའི་ཕ་མེས་རིང་གི་མཐིང་སྨིག་གཡུ་སྦྲ་སྨུག་པོའམ་སྟོང་ཤོང་སྦྲ་ཁྱིམ་གྲུ་བཞི་ནི།  སྤྲོ་སྐྱིད་ཀྱི་དགོད་སྒྲ་འཕྱུར་ས་དང་ཕྱྭ་གཡང་གི་རྟེན་ཕུར་འཛུགས་སའི་ཡབ་མེས་ཀྱི་གཞིས་ཁྱིམ་དྲོན་མོ་ཡིན། 

  འདི་ཉིད་ཇི་ལྟར་གྲུབ་ན།  རྒྱུ་འབྲོག་པའི་སྒོ་ཕྱུགས་ནོར་ནག་གི་ཁུལ་རྩིད་ལས་འབྲོག་མི་རང་གིས་འཁེལ་འཐག་གི་གོ་རིམ་བརྒྱུད་ནས་ལས་སྣོན་བྱས་ཏེ་གྲུབ་པ་ཞིག་ཡིན།  རེ་བ་ནག་པོ་ཞེང་བསྒྲིགས་ནས་བཟོས་ཤིང་།  གཡས་གཡོ་གྱི་ཕྱོགས་གཉིས་སུ་ཕྱེ་ཡོད།  ཕྱོགས་གཉིས་ཀ་སྦྲེལ་ཐག་ལ་ཟུང་ང་ཟེར་ཞིང་དེ་ལ་ཕོ་ཟུང་དང་མོ་ཟུང་གཉིས་རེ་ཡོད།  སྦྲའི་སྲིད་ལ་ཕོ་འདོམ་བཞི་ལྷག་དང་།  སྦྲའི་ཞེང་ལ་རེ་ཞིང་ལྔ་བཅུ་ཡས་མས་ཡོད།  དབྱིབས་གྲུ་བཞི་ཕྱི་རོལ་དུ་ཆོན་ཐག་དང་ས་འདོགས།  ནང་དུ་ངོ་ཐུག་ཕྱི་ནང་གི་ཀྭ་བ་བཅས་ཡོད།  སྦྲའི་ཁ་མདུན་དུ་ཕྱོགས་པའི་གཡས་ཁྱིམ་མོ་འདུག་ས་གཡོན་ཁྱིམ་ཕོ་འདུག་ས་ཡིན།  ཁྱིམ་ཕུག་གི་ཀྭ་བ་ཐམས་ཅད་ཤིང་རྟག་པ་ཡིན་པས་བདེ་སྐྱིད་དང་ལེས་སཚོགས་རྟག་ཏུ་བརྟན་ཆེད་དང་།  སྒོ་འགྲམ་གྱི་ཀྭ་བ་ཤིག་པ་ཡིན་པས་སྒོ་ཕྱུགས་ཀྱ་མི་ཕོངས་པར་རྟག་ཏུ་མི་ཟོག་ར་བ་ཚོགས་གསུམ་གྱིས་བྱུར་བུར་གཏམ་ཞེས་བཤད་སྲོལ་ཡོད། 

  གང་དུ་ཕུབ་ན་ས་ཆུའི་གནོད་པའི་མི་ཚུགས་པའི་གཟུསག་རུས་གང་ལ་ཁྱེར་ན་སྟབས་བདེ་བོ་ཡོང་བའི་ཐག་པ།  ཕྱི་རོལ་གྱི་གཟུགས་སྒྲ་མཐོང་བ་དང་ཐོས་སླ་བ།  སྒོ་ཕྱུགས་སོ་སྲུང་སོགས་སྐྱོང་ཁུར་ལ་འཚམས་པ།  དབྱར་དུས་སུ་བསིལ་བ་སོགས་ཀྱི་དགེ་མཚན་མང་དུ་ཡོད།  དམིགས་བསལ་མི་ཆེན་དང་དཔོན་ཆེན་ལ་ལར་སྦྲ་ཆེན་འགའ་རེ་ཡོད་ཀྱང་ཁ་དཔེར༼སྐྱིད་རུང་མགོ་སྦྲ་མ་ཆེ་དང་སྡུག་རུང་ཁ་ཕོར་མ་ཆུང༽ཟེར་བ་ལྟར་ཕལ་ཆེར་གྱིས་དེ་འདྲ་ཆེན་པོ་མི་བྱེད།  སྒོ་ཕྱུགས་འཚོ་སྐྱོང་ལ་སྟབས་བདེ་ཡོང་ཆེད་རྩྭ་ཆུའི་གནས་བབས་དང་བསྟུན་ནས་རུ་བ་སྤོར་བསྐྱོད་མང་དུ་བྱེད།  ཕོ་ཁྱིམ་གྱི་ཕུག་ལ་ལྷ་ས་ཟེར།  དེ་སྐུ་གསུང་ཐུགས་རྟེན་དང་གཡང་རྟེན་འཇོག་ས་དང་།  བླ་མ་དང་དཔོན་པོ་སོགས་བཞུགས་ས་ཡིན།  བར་དུ་ཕོ་ཡི་ལྭ་བ་དང་མཚོན་ཆ་སོགས་འཐོག་ས་ཡིན།  དེ་ལ་རང་ས་ཟེར།  མོ་ཁྱིམ་གྱི་ཕུག་ལ་དཀར་ཆབ་ཀྱི་རིགས་འོ་ཟོ་དང་བཞོ་ཟོའུ།  མར་སྒམ།  རྩམ་ཤིང་སོགས་འཇོག་ཅིང་འདི་དག་ལ་གཙང་སྦྲ་གང་ལེགས་བྱེད།  འདི་ལ་ཐབ་ས་ཟེར།  བར་སྐེད་དུ་མོ་ཡི་གྱོན་པ་དང་བཟའ་ཆས་སོགས་འཇོག 

  སྦྲ་སྒོའི་སྟེང་དུ་ཐད་ཀར་རས་དཀར་གྱིས་སྟེང་དུ་གཟུང་སྔགས་གསུང་ཆོས་ཟབ་མོ་དཔར་ཏེ་སྒོ་དར་ཏེ་སྒོ་དར་འཐེན་སྲོལ་ཡོད།  འདི་ལ༼མཐིང་སྨུག་གཡུ་སྦྲ་དར་གྱི་སྒོ་དར་ཅན༽ཞེས་ཀྱང་ཟེར་རོ།། བཟའ་བཏུང་གཡོ་བསྐོལ་བྱེད་སའི་ཐབ་ཀ་ས་ལས་བཟོས་ཤིང་ཡར་སྐྱེད་གཉིས་དང་མར་སྐྱེད་གཅིག་ཏེ་སྒྱེད་པུ་འཛུགས་གསུམ་གྱིས་གྲུབ།  མིང་ལ་ཀོའུ་ཁུང་ཟེར།  དེ་ནི་མེ་དང་ཐལ་བྱུང་ས་ཡིན།  འགྱུར་ལྡོག་རིམ་པར་བྱུང་བས་ད་ལྟ་ལྕགས་ཀྱི་ཐབ་ཀ་རུ་བ་གང་སར་སྤར་ན་ཁྱེར་ནས་འགྲོ་བཞིན་ཡོད།  བྱིས་པ་རྣམས་ཀྱསི་རྩེད་མཚར་དུའང་།  གོང་དུ་འདུག་མཁན་ལ ༼ཡར་སྒྱེད་རྟ་བོ་ཁལ་བཀལ༽ཟེར་བས་རྟ་ཕོར་བདག་གཉེར་དང་བཀིོལ་སྤྱོད་བྱེད་མཁན་སྟག་ཤར་རྣམས་ཀྱི་འདུག་གནས་དང་།  བར་དུ་འདུག་མཁན་ལ༼བར་མ་གཞོན་ནུ་གོས་གྱོན༽ཟེར་བས་ན་གཞོན་ཞིང་ལུས་པོར་མཚར་གོས་ཀྱིས་བརྒྱན་པའི་གཞོན་ནུ་རྣམས་ཀྱི་འདུག་གནས་དང༼མར་སྒྱེད་བག་མ་ཚོའུ་མ༽ཟེར་བས་མར་སྒྱེད་དུ་འདུག་མཁན་ལ་གཉོམ་ཆུང་ཞི་དུལ་གྱི་བག་གསར་འདུག་གནས་སུ་བཤད་པ་འདིས་ཀྱང་ཁྱིམ་ཚང་རེ་རེའི་བཟའ་མི་འདུག་ཚུལ་ལ་ཡང་གོ་རིམ་ངེས་ཅན་ཞིག་ཡོད་པར་བསྟན་ཡོད། 

  • 顶 0