བཟོ་བཀོད་ལེགས་པའི་རྫ་ཆས་ལས། རྒྱུན་འཛིན་པ་ཡི་སྙིང་རུས་མངོན།

2016-07-29
0

བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་རིག་འཛིན་བསོད་ནམས་ཀྱི་སྐོར་བཀོད།

    འདི་ནི་འདི་ལོ་ལོ་རེ་དྲུག་ལ་སླེབས་པའི་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་རིག་འཛིན་བསོད་ནམས་ཀྱིས་བོད་བཟོའི་མེ་ཏོག་བུམ་པ་བཟོ་བཞིན་པ། རིག་འཛིན་བསོད་ནམས་མཐོང་དུས། ཁོང་གིས་ས་གདན་སྟེང་དུ་སྐྱིལ་ཀྲུང་བྱས་ནས་བོད་བཟོའི་མེ་ཏོག་བུམ་པ་བཟོ་བཞིན་མཆིས། ཁོང་གིས་གསར་འགོད་པ་སླེབས་པ་མཐོང་རྗེས་མགོ་བོ་ཡར་བཀྱགས་གནང་སྟེ་འཛུམ་ཙམ་བྱས་རྗེས་སླར་ཡང་བློ་རྩེ་གཅིག་སྒྲིམ་གྱིས་མེ་ཏོག་བུམ་པ་བཟོ་རྒྱུར་རོལ།

  ༼བོད་ཀྱི་རྫ་དམར་སྲེག་བཟོ་ལག་རྩལ༽རྣམ་གྲངས་ཀྱི་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་ རིག་འཛིན་བསོད་ནམས་༢༠༠༨ལོ་ནས་བཟུང་། ལྷ་ས་ས་མཐོའི་མ་ཡུམ་བཟོ་ཚོང་ཀུང་སིའི་གདན་ཞུས་ལྟར་རྫ་ཆས་བཟོ་འགན་འཁུར་ནས་ན་གཞོན་ཚོར་རྫ་བཟོའི་ལག་རྩལ་སྣེ་ཁྲིད་བྱེད་མཁན་ཞིག་ཏུ་གྱུར།

  རྫ་བཟོའི་ལག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་སྔར་བས་ཡག་པོ་གཏོང་ཆེད། རིག་འཛིན་བསོད་ནམས་ཀྱིས་ད་བར་སློབ་མ་༡༧བསྡུས་ཡོད་པའི་ནང་ཆུང་ཤོས་ནི་ལོ་༡༥ཡིན། སོས་དལ་བག་ཕེབས་སྐབས་སུ་ཁོང་གིས་ད་དུང་ཀུང་སིའི་འགན་འཁུར་བ་དང་མཉམ་དུ་རྫ་ཆས་བཟོ་ཐབས་དང་ལག་རྩལ་རྒྱུན་ཆད་མེད་པར་སྔོག་འདོན་བྱེད་པ་དང་ཆབས་ཅིག་རྫ་བཟོའི་ལག་རྩལ་གྱི་སྤུས་ཚད་ལེགས་སུ་གཏོང་གི་ཡོད། ཁོང་གིས༼བོད་བཟོའི་རྫ་ཆས་བཟོ་རྩལ་དར་རྒྱས་གོང་འཕེལ་གཏོང་དགོས་ན། ངེས་པར་ཏུ་རྒྱུ་ཆ་དང་། བཟོ་དབྱིབས། རི་མོ་སོགས་ཀྱི་ཐད་གསར་གཏོད་བྱས་ནས་མི་སྔར་བས་མང་བས་བོད་བཟོའི་རྫ་ཆས་ཀྱི་ཡིད་དབང་འཕྲོག་ཏུ་འཇུག་དགོས་ལ། འདི་ལྟར་བྱེད་པར་ཡང་ལས་ཀ་སྔར་བས་མང་པོ་བྱེད་དགོས༽ཞེས་གསར་འགོད་པར་བཤད་བྱུང་།

  བཅར་འདྲི་མཇུག་འགྲིལ་མཚམས་སུ། ཁོང་གིས་སྔར་བཞིན་རྫ་བཟོའི་འཁོར་ལོ་སྐོར་འགོ་ཚུགས་སོང་།ཁོང་གིས་བཟོས་ཟིན་པའི་རྫ་སྣོད་ལ་གས་ཁ་སྤུ་ཙམ་མཐོང་རྒྱུ་མི་འདུག་ལ་དེ་ལས་འཐུལ་བའི་རྫའི་དྲི་ཞིམ་གྱིས་ཁོང་གི་བློ་གྲོས་དང་རྔུལ་ཆུ་ཁོ་བོའི་མིག་ལམ་དུ་ལྷམ་མེར་འཆར་བྱུང་།

  • 顶 0