ནོར་གནག་སྟེ་མཐོ་སྒང་གི་གྲུ་གཟིངས་ཆེན་མོ།

2021-04-22
0

པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

མདོ་དབུས་མཐོ་སྒང་དུ། མི་དང་ཕྱུགས་ཀྱི་གཏམ་རྒྱུད་མང་པོ་ཡོད་ལ། ནོར་གནག་དང་མིའི་བར་གྱི་གཏམ་རྒྱུད་ཀྱང་དེའི་ནང་གི་གཅིག་ཡིན། ནོར་གནག་ནི་མཐོ་སྒང་འདི་ཡི་ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་ཞིག་ཡིན་པའི་ཆ་ནས། མཐོ་སྒང་གི་འབྲོག་པ་ཚོའི་མི་རབས་ནས་མི་རབས་བར་གྱི་འཚོ་བའི་ཀ་རྟེན་དང་རིག་གནས་ཀྱི་གཞི་རྟེན་དུ་གྲུབ་ཡོད་པར་མ་ཟད། ད་དུང་ནོར་གནག་ལ་མཐོ་སྒང་གི་གྲུ་གཟིངས་ཞེས་ཀྱང་འབོད་པ་ཡིན།

གཅིག མདོ་དབུས་མཐོ་སྒང་གི་གཟུགས་གཞི་ཆེས་ཆེ་བའི་སྲོག་ཆགས།      འཁྱགས་ཀླུང་དུས་སྐབས་ཀྱི་སྔོན་ལ། སའི་གོ་ལའི་གནམ་གཤིས་ནི་ད་སྐབས་ལས་ཀྱང་དྲོད་གཤེར་ལྡན། བར་སྐབས་དེ་ལ། མདོ་དབུས་མཐོ་སྒང་དུ་ནོར་གནག་མ་གཏོགས། ད་དུང་གླང་ཆེན་མཆེ་རིང་(铲齿象)དང་བསེ་རུ་སྤུ་རིང་། (披毛犀) རྐྱང་། རྣ་བ། གསའ་སོགས་སྲོག་ཆགས་ཀྱི་མེས་པོ་ཡང་འཚོ་ཡོད་པ་རེད། ཡིན་ནའང་། ལོ་ངོ10000ཡི་སྔོན་ལ་འཁྱགས་དུས་མཇུག་རྫོགས་སྐབས། གླང་ཆེན་མཆེ་རིང་དང་བསེ་རུ་སྤུ་རིང་སོགས་རྩ་སྟོངས་སུ་གྱུར་པ་དང་། ནོར་གནག་ནི་མུ་མཐུད་དུ་འཚོ་གནས་ཐུབ་པར་གྱུར་ཏེ་མདོ་དབུས་མཐོ་སྒང་གི་གྲང་ངར་ནང་དུའང་གནོད་པ་མེད་པར་ད་ལྟའི་བར་དུ་གནས་ཡོད་པའི་གཟུགས་གཞི་ཆེས་ཆེ་བའི་སྲོག་ཆགས་སུ་གྱུར་ཡོད།

ནོར་གནག་ནི་འབྲོང་གི་རྒྱུད་ལས་བྱུང་བ་ཡིན་ལ། གཟུགས་གཞི་ཆེ་བར་མ་ཟད། ལྗིད་ཚད་ལ་སྟོང་ཁེ300ནས1000ཙམ་ཡོད་ཅིང་། རྐང་ལག་བཞི་བོ་སྦོམ་ཞིང་ལུས་སྟོབས་ཆེ་ལ། སྙིང་དང་གློ་བའི་བྱེད་ནུས་བཟང་བ། ཟས་ཀྱི་འཇུ་སྟོབས་ཆེ་བ་བཅས་ཀྱི་ཁྱད་ཆོས་ཡོད། ད་དུང་། མདོ་དབུས་མཐོ་སྒང་གི་གྲང་ངར་དང་གསོ་རླུང་དཀོན་པ། རྫ་རི་བཅས་ཀྱི་གནས་སུ་ཡང་གསོན་ཐུབ་པ་ཡིན།གཉིས། དུས་ནམ་ཞིག་ལ་འབྲོང་འདི་གཡུང་དུ་ཕབ་པ་ཡིན་ནམ།      མིའི་རིགས་ཐེངས་དང་པོར་མདོ་དབུས་མཐོ་སྒང་དུ་འཚོ་གནས་བྱེད་པའི་དུས་ཚོད་ནི་ད་ལྟའི་བར་དུ་ལོ་ངོ་ཁྲི་4ཡོད་པའི་སྔོན་ལ་གཏུགས་ཡོད་ཅིང་། འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་ཉ་དེའུ་རྡོ་ཆས་རྙིང་བའི་གནའ་ཤུལ་དུ་གནའ་རྫས་རྟོག་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བ་ཞིག་ཡིན་ལ། དེ་ནི་འཛམ་གླིང་ཁྱབ་ཁོངས་ཀྱི་ཟིན་ཐོ་ཆེས་གསར་བ་ཡིན།

རྫི་བོ་དང་ནོར་གནག པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

2015ལོའི་ཟླ12པར། རྒྱལ་སྤྱིའི་རིག་གཞུང་དུས་དེབ《རང་བྱུང་དང་བརྡ་འཕྲིན》ཞེས་པར་སྤེལ་བའི་འབྲོང་རྒོད་གཡུང་དུ་ཕབ་པའི་ཞིབ་འཇུག་གྲུབ་འབྲས་ཤིག་ཏུ། ལོ་ངོ7300ཡི་སྔོན་ལ། འབྲོང་རྒོད་གཡུང་ལ་ཕབ་ནས་ནོར་གནག་བྱུང་བ་དང་། དེ་ཡིས་བོད་རིགས་མེས་པོ་ཡི་འཚོ་བའི་མཁོ་ཆས་བརྟན་འཇགས་སུ་བཏང་བའི་ཐོག་ལ། མི་གྲངས་འཕེལ་ཐེངས་དང་པོ་ཡང་བསྐྱེད་པ་རེད། ལོ་ངོ3600ཡི་སྔོན་ལ། ཞིང་ལས་གཞི་རྒྱ་ཆེ་བར་གྱུར་པ་ལས་མདོ་དབུས་མཐོ་སྒང་དུ་མི་གྲངས་འཕེལ་ཐེངས་གཉིས་པ་བྱུང་བ་དང་། འདི་ཡིས་ནོར་གནག་གི་ཁྱབ་རྒྱ་ཡང་ཇེ་ཆེར་བཏང་བ་རེད།ཕྱོགས་གཞན་ཞིག་ནས་བཤད་ན། མིའི་རིགས་ནི་ནོར་གནག་ལ་བརྟེན་ནས་མདོ་དབུས་མཐོ་སྒང་གི་ས་ཆ་འདི་རུ་འཚོ་གནས་ཐུབ་པ་རེད།

གཡག་ལ་ཁལ་འགེལ་བ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

གསུམ། འབྲོག་པའི་རིག་གནས་ཀྱི་གཞི་རྟེན་དང་འཚོ་བའི་ཀ་རྟེན།      མདོ་དབུས་མཐོ་སྒང་དུ། ནོར་གནག་ནི་རྒྱུ་ནོར་ཆེན་པོ་ཞིག་ཡིན། ནོར་གནག་དང་མཐོ་སྒང་དུ་འཚོ་བའི་བོད་མི་རིགས་གཉིས་མཉམ་གཤིབ་མཉམ་སྐྱེས་ལྟ་བུ་ཞིག་ཏུ་ཡོད་ལ། ནོར་གནག་ནི་བོད་རིགས་མང་ཚོགས་ཀྱི་ལྟོ་འགྲངས་གོས་དྲོས་ནས་བདེ་སྐྱིད་འཚོ་བར་སྙེག་པ་བཅས་ཀྱི་རྒྱབ་རྟེན་བཟང་བོ་ཡིན་པར་མ་ཟད། ད་དུང་འགྲོ་འདུག་སྤྱོད་གསུམ་དང་ཟས་གོས་གནས་མལ་སོགས་ཀྱང་ནོར་གནག་ལ་ཁ་འབྲལ་ཐབས་མེད། དཔེར་ན། འཐུང་བའི་འོ་མ་དང་བཟའ་བའི་མར་ཕྱུར་ཤ། སྤྱོད་པའི་རྩིད་པ་དང་ལྕི་བ། ཀོ་ལྤགས། ཐ་ན་རྭ་དང་རུས་པ་སོགས་ཀྱང་སྨན་དུ་བྱས་ནས་ནད་སོགས་འཇོམས་བཞིན་ཡོད།

གཡག་རྒྱུག་བྱེད་པ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

རིག་གནས་འཚོ་བའི་ཁྲོད་དུ། བོད་བཙན་པོའི་དུས་སུ་བྱུང་བའི་གཡག་རྒྱུག་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གལ་ཞིག་ཏུ་གྱུར་ཡོད་ལ། ཆོ་གའི་བྱེད་སྒོ་ཡི་ནང་དུའང་། ནོར་གནག་ལ་དད་མོས་ཆེན་པོ་ཡོད་སྟབས། གཡག་ནག་པོ་ཡིས་མཆོག་གྱུར་དང་དྲང་བདེན། སྟོབས་ཤུགས་བཅས་མཚོན་ལ། གཡག་དཀར་པོས་བཀྲ་ཤིས་དང་ཡ་རབས། བདེ་སྐྱིད་བཅས་མཚོན།      ཟླ་དང་དུས། ལོ་བཅས་ལ་བདེ་སྐྱིད་དང་དཀའ་སྡུག་ཅི་འདྲ་ཞིག་བྱུང་ན་ཡང་། མིའི་རིགས་ལ་ནོར་གནག་གིས་ཡོད་ཚད་སྦྱིན་ཡོད་ལ། ནོར་གནག་གི་ཆེད་དུ་མིའི་རིགས་ཀྱིས་ཀྱང་བློས་བཏང་བ་མང་པོ་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ། མིའི་རིགས་དང་ནོར་གནག་གཉིས་ཀ་འདི་ལྟར་གཅིག་ལ་གཅིག་རྟེན་ངང་མདོ་དབུས་མཐོ་སྒང་དུ་འཚོ་ཡོད་པ་རེད།

ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།

  • 顶 0