«ཁམས་པའི་འཛུམ་རིས»སྡེ་རོང་གི་དམངས་སྲོལ་ཆེད་བསྒྲིགས་པར་དུ་བསྐྲུན།

2019-05-15
0

«ཁམས་པའི་འཛུམ་རིས»སྡེ་རོང་གི་དམངས་སྲོལ་ཆེད་བསྒྲིགས་པར་དུ་བསྐྲུན།

   ངེད༼ཁམས་པའི་འཛུམ་རིས༽ཞེས་པའི་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་ཆེད་བསྒྲིགས་དུས་དེབ་སྤྱིའི་འདོན་ཐེངས23པ་སྟེ། སྤྱི་ལོ2019ལོའི་དུས་དེབ་དང་པོ་ནི་བོད་གངས་ཅན་ལྗོངས་ཀྱི་གནས་སྒོ་བརྒྱའི་ལྡེ་མིག་སྟེ་ༀ་བརྒྱ་གནས་མཆོག་ཆགས་ཡུལ་དང་། ཉི་འོད་དྲོ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པའི་མདོ་ཁམས་ཉི་མའི་ལུང་པ་ཞེས་གྲགས་པའི་ཁམས་སྡེ་རོང་ས་ཆའི་དམངས་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་རིག་གནས། གནས་རི་གནས་བཤད། དགོན་པའི་ལོ་རྒྱུས། ས་མིང་ཐོགས་ཚུལ། བཟའ་བཏུང་དང་རྒྱན་གོས་རིག་གནས། བྲོ་དང་ཁྲོམ་གཞས། གཉེན་བཤད། སྐད་ཀྱི་ཁྱད་ཆོས། སྔོན་བྱོན་གྱི་སྐྱེས་ཆེན་དང་དེང་བཞུགས་ཀྱི་མཁས་དབང་ངོ་སྤྲོད་སོགས་ཕྱོགས་བསྡུས་ཀྱིས་དེབ་གཟུགས་སུ་བསྡེབས་ཏེ་པར་དུ་བསྐྲུན་ནས་རྒྱ་ཆེ་བའི་ཀློག་པ་པོ་ལྷན་རྒྱས་ཀྱི་སྤྱན་སྔར་བསྟར་ཐུབ་པ་བྱུང་ཡོད་ལ། འདི་ནི་གོང་རིམ་དབུ་ཁྲིད་དག་གི་ཐུགས་བརྩེ་བས་ཡུན་རིང་དུ་གཟིགས་པའི་མཐུ་དང་ཡུལ་འདི་གའི་གཞོན་སྐྱེས་སྨྱུག་ཐོགས་པའི་སྡེ་ཡི་ཕྱར་བ་གྲུ་འདེགས་ཀྱི་རམ་འདེགས་ཁོ་ན་ལ་བརྟེན་ནས་གྲུབ་པ་ཞིག་ཡིན།

   སྒོས་སུ་སྤྱིར་གངས་ཅན་ལྗོངས་དང་བྱེ་བྲག་རང་ས་རང་ཡུལ་ལ་རུས་ཞེན་ལྷག་ཏུ་དཀར་བའི་ད་ལྟར་སྡེ་རོང་རྫོང་སློབ་འབྲིང་ན་དགེ་རྒན་གྱི་ཕྱག་ལས་སྒྲུབ་བཞིན་ཡོད་པའི་ན་གཞོན་རྩོམ་པ་པོ་ཚེར་བུ་རབ་རྒྱས་ཀྱིས་བརྩམས་ཆོས་དང་པར་སོགས་མཁོ་སྒྲུག་གི་ལས་ལ་ངལ་བ་འཛེམ་མེད་ཀྱིས་འབད་བརྩོན་གནང་བར་བརྟེན་ནས་ཐེངས་འདིའི་ཁམས་སྡེ་རོང་གི་དམངས་སྲོལ་རིག་གནས་ཆེད་བསྒྲིགས་ཀྱི་དེབ་འདི་ཉིད་པར་དུ་བསྐྲུན་ཐུབ་པ་བྱུང་། འདི་ནི་སྤྱིར་བོད་ཀྱི་ལོ་རྒྱུས་རིག་གནས་དང་སྒོས་སུ་ཁམས་སྡེ་རོང་ས་ཆའི་ལོ་རྒྱུས་རིག་གནས། དམངས་ཁྲོད་ཡུལ་སྲོལ་སོགས་ལ་གསུབ་ཏུ་མེད་པའི་བྱས་རྗེས་བཞག་ཡོད་པ་ནི་ཚང་མ་དགའ་འོས་པའི་གནས་སུ་གྱུར་ཏོ།།

  • 顶 0