འོ་ཇ་དཀར་ཁུ།

2018-09-13

 

   ཇ་དཀར་ཁུའམ་འོ་ཇ་བསྐོལ་ཐབས་ནི་ཇ་ནག་དཀྲུག་ནང་འོ་མ་བླུགས་ནས་བཏུང་བ་ཞིག་ཡིན་ལ་མངར་ཆེ་ཞིང་ལུས་སྟོབས་གསོ། དཀྲུག་ཇའི་བསྐོལ་ཐབས་ནི་ཁོག་ལྟིར་རམ་མདོང་མོའི་ནང་དུ་ཇ་ཁུ་དང་མར། བཟའ་ཚྭ་གསུམ་བླུགས་ནས་ཡང་ཡང་བསྲུབས་ཏེ་བཏུང་བ་ཞིག་ཡིན། ཇ་དམར་དུས་བའི་ནངདུ་ཀ་ར་དང་འོ་ཕྱེ་འདེབས་པའི་ཇ་མངར་མོ་ཞིག་ཀྱང་ཡོད། ཇ་འདན་སྐོལ་ཐབས་ནི་སྣོད་ཀྱི་ནང་དུ་མར་བཞུས་པའི་ཁར་རྩམ་ཕྱེ་དང༌། ཚྭ་ཅུང་ཙམ་བཏབ་པའི་སྟེང་ཇ་བླུགས་ཏེ་ཡུད་ཙམ་དུ་བཅུག་པའི་བཏུང་བྱ་ཞིག་ཡིན། ཕབ་ཇ་ནི་ཆུ་འཁོལ་དཀར་ཡོལ་ནང་དུ་བླུགས་པའི་ཁར་ཇ་ཞིབ་བཏབ་ནས་ཡུད་ཙམ་བཞག་སྟེ་ཇ་ཁུ་བབ་ཚེ་བཏུང་བ་ཞིག་ཡིན། 

<