བཀྲ་ཤིས་སུམ་འཛོམས་དུས་ཆེན།

2018-08-29

 

   ​ས་ག་ཟླ་བའི་ཚེས་བཅོ་ལྔ་ནི་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་། མངོན་པར་འཚང་རྒྱ་བ། སྐུ་མྱ་ངན་ལས་འདས་པ་བཅས་ཀྱི་ཉིན་མོ་ཡིན་པས་ཉིན་མོ་འདིར་བཀྲ་ཤིས་སུམ་འཛོམས་ཀྱི་ཉིན་མོ་ཞེས་བརྗོད། 

      ནང་དོན་མདོར་བསྟན། 

   ས་ག་ཟླ་བའི་ཚེས་བཅོ་ལྔ་ནི་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་། མངོན་པར་འཚང་རྒྱ་བ། སྐུ་མྱ་ངན་ལས་འདས་པ་བཅས་ཀྱི་ཉིན་མོ་ཡིན་པས་ཉིན་མོ་འདིར་བཀྲ་ཤིས་སུམ་འཛོམས་ཀྱི་ཉིན་མོ་ཞེས་བརྗོད།

        བདག་ཅག་གི་སྟོན་པ་སྐུ་འཁྲུངས་པ། 

 ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས་ཏེ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བར་མཛད་དེ། འདི་སྐད་ཅེས་འདི་ནི་ཤར་ཕྱོགས་ཡིན་ཏེ། མྱ་ངན་ལས་འདས་པའི་ཐོག་མར་འགྲོ་བར་བྱའོ།། འདི་ནི་ལྷོ་ཕྱོགས་ཡིན་ཏེ། འགྲོ་བ་ཐམས་ཅད་ཀྱི་ཡོན་གནས་སུ་འགྱུར་བར་བྱའོ།། འདི་ནི་ནུབ་ཕྱོགས་ཡིན་ཏེ། ང་ཡི་སྐྱེ་བའི་ཐ་མ་ཡིན་ནོ།། འདི་ནི་བྱང་ཕྱོགས་ཡིན་ཏེ། སྲིད་པའི་རྒྱ་མཚོ་ལས་བརྒལ་བར་བྱའོ།།

     བདག་ཅག་གི་སྟོན་པ་མངོན་པར་འཚང་རྒྱ་བ།

  བདེན་བཞིའི་དོན་རྣམས་ལེགས་པར་ཁོང་དུ་ཆུད་ནས་མངོན་པར་འཚང་རྒྱ་བ་ན་གཞན་དག་གིས་ཆོས་ཟབ་མོ་འདིའི་དོན་རྟོགས་པར་དཀའ་བར་དགོངས་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་རྨྲ་ནགས་ཀྱི་ཚུལ་དུ་གནས་པར་བྱ།། ཞེས་སོགས་གསུངས་ཏེ་སངས་རྒྱས་པའི་དུས་ཡིན་ནོ།།

  སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ། 
   དེ་ཡང་གསེར་འོད་དམ་པ་ལས་དེ་བཞིན་གཤེགས་པ་རྟག་ཏུ་བཞུགས་ཤིང་མྱ་ངན་ལས་མི་འདའ་ན། སེམས་ཅན་རྣམས་གུས་པ་མེད་པ་དང་། འཕྲད་པར་དཀའ་བའི་འདུ་ཤེས་ཀྱང་མི་སྐྱེ་པས། དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཟབ་མོ་དག་འཛིན་ཅིང་ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་མི་བྱེད་དོ།། དེའི་ཅིའི་ཕྱིར་ཞེས་ན། དེས་ནི་བཅོམ་ལྡན་འདས་རྟག་ཏུ་འཇིག་རྟེན་ན་བཞུགས་པར་འཛིན་པའི་ཕྱིར་རོ།། ཞེས་གསུངས་པ་བཞིན་དེ་ཡི་ཆེད་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན།

  དེ་བས་ཉིན་དེར་དགེ་སྡིག་བྱེ་བར་འགྱུར་བའི་སངས་རྒྱས་འོད་དཔག་མེད་ཀྱི་དུས་ཆེན་ཡིན་ལ་ལོ་གཅིག་གི་ནང་གཞན་དག་གི་དུས་ཆེན་ལས་ཆེས་ཁྱད་དུ་འཕགས་པའི་དུས་ཆེན་སུམ་འཛོམ་ཡང་ཡིན་པས་འདི་ལྟ་བུའི་དུས་ཆེན་སུམ་འཛོམ་ཉིན་ལ་དགེ་སྡིག་གང་བསྒྲུབ་ཀྱང་འབུམ་འགྱུར་དུ་འགྲོ་བས་ཀུན་གྱིས་སྒོ་གསུམ་རྣམ་དཀར་དགེ་བའི་ལས་ལ་འཇུག་པ་ཧ་ཅང་གལ་ཆེའོ།། 

  དཔྱད་གཞིའི་ཡིག་ཆ།

  1   ཡེ་ཤེས་དྲི་མེད། སུམ་འཛོམས་དུས་ཆེན། 

  2  ཀྲུང་གོ་བོད་ཀྱི་དྲ་བ།   2017-06-09 

<