གཞོན་ནུའི་གསོན་ཤུགས་རླུང་གི་འགྲོས་དང་འགྲན།
སེམས་ཤུགས་གཅིག་གིས་སློབ་རའི་མཛེས་པ་འབྲི།

ཉི་འོད་ཀྱིས་སྐྱེ་སྟོབས་རྒྱས། ལུས་རྩལ་གྱིས་རྩལ་དྲུག་རྒྱས། མི་བཟང་གསོ་སྐྱོང་དང་ལྔ་སྐྱོང་གི་འདུ་ཤེས་ལག་བསྟར། སློབ་རའི་རིག་གནས་ལུས་རྩལ་ཕུན་སུམ་ཚོགས་སུ་གཏོང་བ། སློབ་མར་ལུས་བདེ་དང་བློ་སྦྱོང་བྱ་ཆེད། ཉེ་ཆར། འཛམ་ཐང་རྫོང་བཅའ་སྡོད་སློབ་ཆུང་གིས་2026ལོའི་དཔྱིད་དུས་ལུས་རྩལ་འགྲན་ཚོགས་འཚོགས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚང་མ་ལུས་རྩལ་ཐང་དུ་འཛོམས་ནས། ལུས་རྩལ་གྱིས་གཞོན་པའི་གསོན་ཤུགས་ངོམ་པའི་དུས་སྟོན་ཞིག་གི་མགོ་བརྩམས།
ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོའི་ཡུལ་དངོས་འཁྲུག་ཆ་དོད་ཅིང་གོ་རིམ་ལྡན། ལུས་རྩལ་བའི་མདུན་སྐྱོད་གླུ་དབྱངས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་དར་རུ་ཁག་དང་དར་འཛིན་རུ་ཁག འཛིན་གྲྭ་སོ་སོ་གོམ་སྟབས་མཉམ་པོས་མདུན་སྐྱོད་བྱས།

སློབ་མ་རྣམས་སྙིང་སྟོབས་ཀྱིས་ཁེངས་ཡོད་ལ། འཛིན་གྲྭ་སོ་སོས་རང་གི་འབོད་ཚིག་སྒྲོག་བཞིན་དུས་རབས་གསར་བའི་གཞོན་པའི་ལང་ཚོ་ངོམ། ལྷག་པར་འཛིན་གྲྭ་མང་པོ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་ལྭ་བ་དང་འདོགས་ཆ་བཏགས་ནས། མི་རིགས་ཀྱི་རིག་གནས་ཀྱིས་སློབ་ར་དང་གཞོན་པའི་ལང་ཚོ་བརྒྱན་ཡོད།
དགེ་སློབ་ཡོངས་གུས་འདུད་དང་བཅས་སྐར་ལྔའི་དར་དམར་འོག་ལངས་ཤིང་དར་དམར་རླུང་གིས་བསྐྱོད། རྒྱལ་དར་སྒྲེང་རྗེས་སློབ་གཙོས་ལུས་རྩལ་འགྲན་ཚོགས་མལོ་ཚུགས་པར་ཁྱབ་བསྒྲགས་བྱས་ཤིང་། སློབ་མ་ཚོར་ལུས་རྩལ་ལ་དགའ་ཞེན་དང་འགྲན་སྡུར་ལ་སྙིང་སྟོབས་ལྡན་པ། བདེན་དགེ་མཛེས་གསུམ་སྐྱོང་བ་བཅས་ཀྱིས་དུས་རབས་ཀྱི་གཞོན་ནུ་བཟང་པོ་བྱ་དགོས་པར་སྐུལ། དེའི་རྗེས་སུ་ཤན་འབྱེད་པའི་འཐུས་ཚབ་པ་དང་ལུས་རྩལ་གྱི་འཐུས་ཚབ་པ་གར་སྟེགས་སུ་བུད་ནས། དྲང་བཞག་དང་བདེན་པ་གཙོར་བཟུང་ཅིང་། ཤེས་དཔལ་ལྡན་པའི་འགྲན་སྡུར་སྤེལ་བ་བཅས། ཐེངས་དེའི་ལུས་རྩལ་འགྲན་ཚོགས་ཀྱི་གོ་རིམ་ཧྲུལ་པོ་སྐྱོན་བྲལ་ཡོང་བར་འགན་ལེན་བྱས།
མགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ངོ་མཚར་ཆེ་ཞིང་བསོན་ཉམས་ལྡན། སློབ་མ་ཚོས་ཁྱད་ལྡན་རིག་གནས་ལུས་རྩལ་གྱི་ལེ་ཚན་རེ་རེ་འཁྲབ་སྟོན་བྱས་ཤིང་། འགུལ་སྟངས་མཉམ་ལ་སྤོབས་པས་ཕྱུག་པས། སློབ་རའི་བྱང་ཚད་སློབ་གསོ་དང་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་འགྲུབ་འབྲས་བཟང་བོ་མངོན་པར་བྱས།
རྒྱུས་ལོན་པ་ལྟར་ན། ཐེངས་དེའི་ལུས་རྩལ་འགྲན་ཚོགས་ནི་སློབ་མའི་ལུས་སེམས་འཕེལ་རྒྱས་དང་མཐུན་ཞིང་། ཐུང་རྒྱུག་དང་རྒྱང་མཆོང་། ཐག་མཆོང་། མཐུད་རྒྱུག ཐག་འཐེན་སོགས་འགྲན་སྡུར་དང་སྤྲོ་སྣང་གཉིས་ལྡན་གྱི་རྣམ་གྲངས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ཡོད་ལ། སློབ་མ་ཚོས་ལུས་སྦྱོང་དང་སྤྲོ་སྐྱིད་ལ་མཉམ་རོལ་བྱས།

ཐེངས་དེའི་དཔྱིད་དུས་ལུས་རྩལ་འགྲན་ཚོགས་ཀྱིས་བཅའ་སྡོད་སློབ་ཆུང་གི་སློབ་རའི་སློབ་ཕྱིའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། སློབ་མར་རང་གི་འཇོན་ཐང་ངོམ་སའི་སྟེབས་བུ་བསྐྲུན་ཡོད། གཞན་ཡང་འཛིན་གྲྭའི་མཐུན་སྒྲིལ་དང་ཐུན་མོང་གཟི་བརྗིད་ཆེ་རུ་བཏང་སྟེ། སློབ་རའི་དུས་རྒྱུན་ལུས་རྩལ་སློབ་གསོ་དང་ཤེས་བྱ་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད། རྗེས་ཕྱོགས་སུ། ལུས་རྩལ་པའི་དངུལ་ཆུ་དང་འབད་པ་ཡིས་འཛམ་ཐང་གི་གཞོན་ནུའི་སྙིང་སྟོབས་མངོན་པར་བྱ་རྒྱུ་རེད།
འཕྲིན་སྤེལ་བ། སྐལ་བཟང་སྐྱབས།
康巴卫视微信公众号