ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན་གྱི་སྔ་དྲོའི་དུས་ཚོད9དང་སྐར་མ30ཡི་སྟེང་། བོད་ལྗོངས་ཀྱིས་གནོད་པ་ཚབས་ཆེན་ཐེབས་པའི་གྲམ་སོ་ཤང་དུ་དིང་རི་རྫོང་གི་ས་ཡོམ་རིམ་པ6.8ཅན་ལས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་མྱ་ངན་ཞུ་བའི་མཛད་སྒོ་འཚོགས། རོགས་སྐྱོབ་ནང་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་པའི་དཔོན་དམག མེ་གསོད་རོགས་སྐྱོབ་མི་སྣ། སྤྱི་བདེ་མི་དམངས་ཉེན་རྟོག་པ། སྨན་བཅོས་མི་སྣ། གཞོན་ནུ་དང་བླངས་པ་དང་འབྲེལ་ཡོད་ཁེ་ལས་ཀྱི་ལས་བཟོ་བ་དང་ལས་བྱེད་པ། ཡོམ་ཁུལ་གྱི་མང་ཚོགས་འཐུས་མི་བཅས་མི་གྲངས་བརྒྱ་ཕྲག་ལྷག་གིས་ཞྭ་མོ་ཕུད་ནས། གཟབ་ནན་ངང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་སྐར་མ་གསུམ་རིང་མྱ་ངན་ཞུས། །





