2024ལོའི“ཁུ་ནུ་འཆད་ཁྲིད་ཆེན་མོ”ཐེངས་བཅུ་གཅིག་པ་མགོ་བརྩམས།

来源:ཀྲུང་གོ་བོད་ཀྱི་དྲ་བ།作者:རྡོ་རྗེ་སྐྱིད་ཀྱིས་བསྒྱུར།2025-01-03 10:44:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2024ལོའི་ཟླ12པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས(ཞིང་ཆེན་སྲིད་འཛིན་སློབ་གླིང་དང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང) གཙོ་སྒྲུབ་བྱས་པ་དང་།  མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་གིས་སྒྲུབ་འགན་འཁུར་བའི2024ལོའི་དུས་ཐེངས11པའི“ཁུ་ནུ་འཆད་ཁྲིད་ཆེན་མོའི”ཐེངས་བཅུ་གཅིག་པ་མགོ་བརྩམས།  ཀྲུང་གོ་འཕེལ་རྒྱས་བསྒྱུར་བཅོས་ཚགས་པར་ཁང་གི་མགོ་ཁྲིད་གཞོན་པའམ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དམིགས་བསལ་གདན་ཞུ་དཔྱད་གཏམ་པ་དབྱང་ཡུས་ཀྱིས་ཁ་བྱང་ལ《〈ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན〉》འགྲེལ་བཤད》ཞེས་པའི་ཐད་གཏོང་འཆད་ཁྲིད་བྱས། 

ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ2024ལོའི་ཟླ12པའི་ཚེས11ཉིན་ནས12ཉིན་བར་པེ་ཅིན་དུ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་སྟེ། རང་རྒྱལ་གྱིས་ད་ལྟ་དང་མ་འོངས་དུས་ཚོད་ངེས་ཅན་ཞིག་གི་ནང་དཔལ་འབྱོར་ལས་དོན་ལེགས་པོར་སྒྲུབ་པ་དང་འབད་བརྩོན་བྱེད་སར་ཁ་ཕྱོགས་བསྟན་པ་དང་། རྩ་བའི་གཞི་འཛིན་ས་མཁོ་སྤྲོད་བྱས། འཆད་ཁྲིད་དེ་གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་གཞིར་བཟུང་ནས་ཏང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བཀོད་སྒྲིག་མ་ལག་རང་བཞིན་གྱིས་དབྱེ་ཞིབ་བྱས་པ་དང་ད་ལྟའི་དུས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས། སང་ལོའི་དཔལ་འབྱོར་ལས་དོན་ཐད་གནད་འཁེལ་ངང་མཛུབ་སྟོན་གནང་བ་དང་། ལས་འགན་གཙོ་བོ་དང་བྱ་བའི་བླང་བྱ་དག་འགྲེལ་བཤད་ནན་མོ་བྱས། འཆད་ཁྲིད་ལ་ཉན་རྗེས། ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཅིག་རྗེས་གཉིས་མཐུད་ངང་། ཆོད་སེམས་ཇེ་བརྟན་ཏུ་གཏོང་བ་དང་།  གསར་གཏོད་དང་འབད་བརྩོན་བྱས་ཏེ་དཀའ་ངལ་དང་འགྲན་སློང་ལ་ཧུར་ཐག་གིས་གདོང་གཏོད་པ།  རང་འགུལ་ངང་ཁ་གཏད་གཅོག་པ། གཅིག་གྱུར་འཆར་འགོད་དང་ལྟ་རྟོག་བཅས་བྱས་ཏེ་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབས་པའི་གཞི་རྩའི་རྩལ་སྦྱོང་བརྡར་ཡག་པོ་བྱས་ནས། སང་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དམ་འཛིན་བརྟན་པོ་བྱས་ཏེ། འབད་བརྩོན་གྱིས་དངོས་སྒྲུབ་འགན་འཁུར་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་སོ་སོ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། འཐབ་འཛིང་གི་བློ་སྟོབས་སྔར་བས་ཇེ་མཐོར་བཏང་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རོགས་རམ་བྱེད་དགོས་ཞེས་བསྟན།

གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་དང་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་ལས་བྱེད་པ2000གིས་འཆད་ཁྲིད་ལ་ཉན། །


康巴卫视微信公众号

相关阅读