འཛམ་ཐང་རྫོང་གིས་A4རིམ་པའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་བཏོད།

2021-04-20
0

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཟླ་1ཚེས་20ཉིན། ཞིང་ཆེན་ཡུལ་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་དཔྱད་བསྡུར་གཏན་འབེབས་ཨུ་ལྷན་གྱིས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་འཛམ་ཐང་རྫོང་ཛམ་བྷ་ལའི་རིག་གནས་ལྗོངས་སྐོར་ཁུལ་དེ་A4རིམ་པའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་དུ་གཏོད་རྒྱུའི་ཆོག་མཆན་སྤྲད། མཛེས་ལྗོངས་ཁུལ་དེ་འཛམ་ཐང་རྫོང་གི་རྒྱལ་ཁབ་ཀྱི་A4རིམ་པའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་ཐོག་མ་རུ་གྱུར་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་བྷ་ལའི་རིག་གནས་ལྗོངས་སྐོར་མཛེས་ལྗོངས་ཁུལ་དེ་རི་བོ་གཅིག་དང་། ཆུ་བོ་གཅིག གྲོང་ཚོ་གཅིག དགོན་སྡེ་གསུམ། གླིང་གཅིག་དང་ཁུལ་གཅིག་བཅས་ལས་གྲུབ་པ་ཞིག་ཡིན་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་2.28ཡོད། མཛེས་ལྗོངས་ཁུལ་དེར་རིག་གནས་ཀྱི་རྨང་གཞི་ཟབ་པ་དང་། མི་འཚོ་སྡོད་ཀྱི་ཁོར་ཡུག་ཞི་ཞིང་མཐུན་པ། སྤྲོ་གསེང་ལས་སྒོ་ཕུན་སུམ་ཚོགས་པ། སྤྱི་པའི་ཞབས་ཞུའི་མ་ལག་ཚང་བ། ཕྱོགས་བསྡུས་དོ་དམ་འགན་ལེན་ནུས་ལྡན་བཅས་ཡོད། རང་བྱུང་རི་ཆུ་ཆགས་སྟངས་དང་ས་གནས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་། གྲོང་རྡལ་དང་མཛེས་ལྗོངས་མཉམ་འདྲེས་བྱས་ཡོད་པས། གནས་སྡོད་དང་ལས་གཉེར། ལྗོངས་སྐོར་བྱེད་པར་ཧ་ཅང་འཚམས།


  • 顶 0