རྔ་བ་ཁུལ་གྱི་མཛེས་ལྗོངས་ཁུལ་གཉིས་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱ་རྩིས་ཡོད།

2021-04-20
0

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་1ཚེས་13ཉིན་སི་ཁྲོན་ཞིང་ཆེན་རིག་གནས་དང་ལྗོངས་སྐོར་ཐིང་གིས《ལྗོངས་སྐོར་མཛེས་ལྗོངས་ཁུལ་21རྒྱལ་ཁབ་ཀྱི་A4རིམ་པའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་དང་། རང་ཁུལ་གྱི་འཛམ་ཐང་རྫོང་གི་ས་ཛམ་བྷ་ལའི་རིག་གནས་ལྗོངས་སྐོར་མཛེས་ལྗོངས་ཁུལ་དང་གཟི་རྩ་སྡེ་དགུ་རྫོང་གི་ཀླུ་གཉན་གསེར་མཚོའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་གཉིས་ཁྱབ་བསྒྲགས་མིང་ཐོའི་ནང་ཚུད་འདུག

       རྒྱུས་ལོན་པ་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་གཞིའི《ལྗོངས་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དབྱེ་འབྱེད་དང་དཔྱད་བསྡུར་གཏན་འབེབས》དང《ལྗོངས་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དོ་དམ་བྱེད་ཐབས》གཞིར་བཟུང་བ་དང་། འབྲེལ་ཡོད་གྲོང་ཁྱེར་རིམ་པའི་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཁག་གིས་འོས་སྦྱོར་བྱས་པ་བརྒྱུད་སི་ཁྲོན་ཞིང་ཆེན་རིག་གནས་དང་ལྗོངས་སྐོར་ཐིང་གིས་གོ་རིམ་ལྟར་ཕྱོགས་བསྡུས་ཞིབ་དཔྱད་བྱས་ཏེ་གཏན་འཁེལ་དང་། ལྗོངས་སྐོར་མཛེས་ལྗོངས་ཁུལ་21རྒྱལ་ཁབ་ཀྱི་A4རིམ་པའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་གྱི་ཚད་གཞིའི་བླང་བྱ་དང་མཐུན་ནས་རྒྱལ་ཁབ་ཀྱི་A4རིམ་པའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱ་རྒྱུ་རེད།


  • 顶 0